English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

དབྱངས་འགྲོས་ཀྱིས་བཞེངས་པའི་ལྷ་སྲས།

འདོན་སྤེལ། 2014/10/30 5:40 PM རྩོམ་པ་པོ།

དབྱངས་འགྲོས་ཀྱིས་བཞེངས་པའི་ལྷ་སྲས།

_______དབྱངས་འགྲོས་ཀྱི་འཐབ་རྩོད་སྲོལ་འབྱེད་པ་བོད་ཀྱི་གླུ་བ་ཀུན་དགའ་ལགས་སུ་ཕུལ།
རྩོམ་པ་པོ། འབའ་པ་སྐལ་བཟང་འཕྲིན་ལས།
14110629312

 

 

 

 

 

 

 

 

 

 

ཁུ་སིམ་སིམ་གྱི་ནམ་མཁའི་འོག་ན་ས་སྒང་ཡོད་ཚད་ཉལ་བའི་སྐབས།།
དཔའ་དང་སྟོབས་ཀྱིས་སྦྱོར་བར་བྱས་པའ་ིསྙིང་སྟོབས་དྲངས་པའ་ིདབྱངས་འགྲོས་ཀྱིས།།
ཉི་ཟླ་སྐར་གསུམ་གདངས་ལ་སྦྱར་ཚེ་མཐོ་སྒང་འཇིག་རྟེན་ཡོམ་ཡོམ་བྱས།།
ཡོམ་ཡོམ་བྱས་པའི་དོན་རྐྱེན་དེ་ཡིས་བོད་མིའི་སྙིང་རྩ་སླར་ཡང་གསོན།།

གླུ་དབྱངས་དེ་ནི་ཐུར་དུ་འཕྱང་བའི་ཆུ་ཕྲན་དྭངས་མོའ་ིངར་ཤུགས་བཞིན།།
མཚམས་དང་ཚིཊ་ཀྱི་འདུ་ཤེས་གཏོར་ནས་ས་ཕྱོགས་ཡུལ་ཕྱོཊ་ཀུན་ཏུ་མཆེད།།
མཁས་པའི་ཁ་ནས་བླུན་པོའ་ིརྣ་བར་གཅིག་རྗེས་གཉིས་མཐུད་འཕྱུར་བ་ཡིས།།
གཏམ་རྒྱུད་ཁྲོད་ཀྱི་སྤུན་གསུམ་སྣང་བརྙན་མིག་དང་སེམས་ནང་གསལ་ལེར་འཆར།

དབྱངས་འགྲོས་དེ་ཉིད་ཁོག་ཏུ་བཞུར་རྗེས་ཅི་ཡི་བྱིན་རླབས་ཕོག་པ་བཞིན།།
ཚེ་དང་སྲོག་གི་བདེ་འཇགས་ཅི་ཡོད་རེ་འདུན་བཙན་པོས་ཡོངས་བརྫིས་ནས།།
སེམས་ནང་གང་བསམ་ཁ་ནས་གྱེར་བའི་དུས་རབས་ཁྲོད་ཀྱི་ཁུ་བྱུག་ཁྱུས།།
ཁྱེད་ཀྱི་རྐང་པའི་ཤུལ་རྗེས་དེད་ནས་གཅིག་རྗེས་གཉིས་མཐུད་འཕུར་རྩལ་ངོམ།།

གྱེར་བའི་དབྱངས་དག་བར་སྣང་ངོས་སུ་འཇའ་རིས་བཞིན་དུ་མ་གནས་པར།།
དབྱངས་འགྲོས་ཤུཊ་ཀྱིས་གནས་ལུཊ་མང་པོ་ལུང་དང་མདོ་ཡི་རྣ་བར་བསྐྱལ།།
ས་སྒང་མཐོན་པོ་རྐང་སྟེགས་བྱས་ཚད་ཁྱེད་ཀྱི་གླུ་ཡི་བརྡ་འཕྲོད་དེ།།
ཁུ་ཚུར་གནམ་གྱི་ཀ་བར་བསླངས་ནས་དོན་དངོས་མང་པོ་རྒྱང་ལ་བསྒྲཊ།།

དབྱངས་འགྲོས་འཇམ་པོས་མཐོ་སྒང་སྐྱོམ་པའི་གློ་བུར་འགྱུར་བས་མ་ཐེག་པར།།
ཐོ་གཞུང་ནག་པོའ་ིདེབ་ཐེར་ནང་དུ་ཁྱེད་ཉིད་བཙན་གྱིས་བཀག་སྐྱིལ་བྱས།།
འགྲོ་འདུག་སྤྱོད་གསུམ་ཁྲིམས་ལ་བཏགས་པའི་སྐེ་ཐག་འདྲུད་པའི་མི་ཞིག་བཟོས།།
གང་འཕུར་སྐེ་ཐག་ཁོར་ཡུག་བསྐོར་བ་ཁྱེད་ལ་དབང་བའི་ཐོབ་སྐར་སྤྲད།།

ཇི་ཙམ་གཉའ་ནས་གནོན་བཙིར་བྱས་པ་སྙིང་སྟོབས་སྐྱེས་པའི་རྐྱེན་གྱུར་ནས།།
ཇི་ལྟར་གནོན་བཙིར་མནར་པོ་བྱས་པ་དེ་ནི་ཁོ་ཚོའི་གཤིས་བསམས་ནས།།
རང་དབང་རང་བདག་གནད་ཚིག་གཉིས་པོ་གསེར་གྱི་གོང་ཐང་ངེས་རྙེད་དེ།།
སྙིང་ནས་འདོད་པའི་དོན་ཆེན་སླད་དུ་རང་དབང་རྒྱང་འབོད་གཏན་དུ་གྱེར།།

ངག་ནས་ཅི་ཞིག་དོན་དུ་གྱེར་བ་ལུས་ཟུངས་གང་དུ་ལྷུང་བ་ཡི།།
གནས་ཚུལ་གང་ཡོད་ཁོག་ཏུ་ཚུད་ཀྱང་མི་ལྡོག་དམ་བཅའི་སྒུལ་ཤུགས་ཀྱིས།།
སྙིང་གི་ངོས་ལ་ཆུ་བཞིན་སིམ་པའི་ཕ་གཅིག་བླ་མ་རྒྱང་འབོད་བྱས།།
བསམ་པའི་ངོས་ལ་མེ་བཞིན་འབར་བའི་རེ་འདུན་སྙིང་པོ་ཁ་ནས་གྱེར།།

མཁས་པས་ཇི་ལྟར་བརྩམས་པ་གྱུར་ཡང་ཉན་མཁན་རང་འདྲ་མཁས་པ་ཚོ།།
སྲིད་དོན་དབྱེ་ཞིབ་ཇི་ལྟར་བྱས་ཀྱང་ལྟ་མཁན་རྣ་ལྡན་ཆབ་སྲིད་པ།།
དེ་བས་མཁས་བླུན་རིས་མེད་འདུས་པའི་སྒང་པ་བོད་ཀྱི་སྡེ་ཆེན་པོར།།
ཁྱེད་ཀྱི་དོན་དངོས་འདྲེན་པའི་དབྱངས་དེས་མི་སྡེ་ཚོགས་དེའི་སྙིང་རྩ་ཁོལ།།

མེ་ཕུང་བེར་ཀས་ཇི་ལྟར་གཏོར་ན་དེ་ལྟར་ཕྱོགས་སུ་མཆེད་པ་བཞིན།།
དོན་གྱི་གནས་ལུགས་སྲོག་ཏུ་དྲངས་པའི་ངག་རིག་ལྕགས་ཀྱིས་བསྡོགས་པ་ན།།
གནས་ལུགས་ངོ་མ་ལུས་ཀྱིས་མྱོང་པའི་མི་སྡེས་གླུ་དེར་ཡི་རང་ནས།།
ཡིད་ཀྱིས་བརྗོད་དོན་ནན་པོར་བཞེངས་བཞིན་ངག་ལ་གླུ་དེ་འབྲལ་མེད་ཐོགས།།

ཁྱེད་ཀྱིས་ཕྱེས་པའི་འཐབ་རྩོད་ལམ་བུར་བྲོ་བའི་རླངས་པ་འཐོར་བ་ན།།
སྙིང་ལ་རུས་པའི་ཁ་དོག་ལྡན་པའི་གངས་ཅན་བོད་ཀྱི་གླུ་བ་ཚོས།།
གངས་ཅན་བོད་ཀྱི་བླ་སྲོག་མཚོན་པའི་ཉི་ཟླ་སྐར་གསུམ་གཟི་བྱིན་འོག
ལམ་ལམ་འཚེར་བའི་གངས་ཅན་བདེན་དོན་མཐོ་སྒང་རྩེ་ནས་རྒྱང་འབོད་བྱས།།

ལ་རྒྱའི་ཁུ་བ་ལྷུན་གྱིས་བཞུར་བའི་ཁ་བའི་སུལ་གྱི་དབྱངས་འགྲོས་འདི།།
ལ་དང་ལུང་པར་རིམ་བཞིན་བརྒལ་ནས་མི་སེམས་ངོས་སུ་ལྐོག་འཛུལ་རྗེས།།
གནམ་ས་གཡོ་བའི་ཚོར་སྣང་ལྟ་བུས་སེམས་དང་བསམ་པ་སྒུལ་བཏང་ནས།།
ཅི་ཞིག་འཚོལ་བའི་འདུན་པ་ཞིག་གིས་གནས་ལུཊ་གྱེར་བའི་རྒྱང་འབོད་བྱས།།

ཕྱི་ཚུལ་མི་སྡུག་བཞིན་མདངས་ངོས་ན་ཚེ་སྲོག་གཏོར་བའི་སྡེར་མོ་དཔྱངས།།
ནང་སེམས་འཆོལ་བའི་གླིང་བུ་འབུད་ནས་སེམས་ཀྱ་ིཕུགས་འདུན་གཏོར་ཐབས་བྱས།།
ཕྱི་ནང་གཉིས་ཀྱི་བཙན་འཛུལ་ཁྲོད་དུ་རང་གི་ཕོ་བླ་མ་བཙོང་པར།།
ཨ་རོག་ཁམས་པའ་ིསྒལ་ཚིག་ས་བཟུང་ནས་མཁྲེགསཔའ་ིཁུ་ཚུར་གནམ་ལ་འཕྱར།།

གངས་ཅན་བོད་ཀྱི་སྡེ་ཆེན་ཁྲ་མོའ་ིམཁས་བླུན་རིས་མེད་རྣ་རྩ་ལ།།
བདེ་སྡུག་གནས་ལུགས་དམར་རྗེན་རྗེན་དག་གོ་རེས་སྤྲོད་པའི་ལམ་བུ་ཞིག
སྙིང་ཁྲག་འཁྱིལ་བའི་དབྱངས་འགྲོས་བཞེངས་པའི་ལྷ་སྲས་ཁྱེད་ཀྱི་སྙིང་ཁ་ནས།།
གངས་ཅན་བོད་ཀྱི་སྡེ་ཆེན་དག་ན་ཆུ་བོ་བཞིན་དུ་འཁྱིལ་ནས་སོང་།།

ཁྱེད་ཀྱི་ངོ་གདོང་ག་ཚོད་མཐོང་ན་དེ་ལྟར་རིག་འདོད་སྙིང་ནས་འབར།།
ཁྱེད་ཀྱི་གླུ་དབྱངས་ཇི་ལྟར་ཉན་ན་དེ་ལྟར་གོ་འདོད་སེམས་ནས་འཕྱུར།།
ཁྱེད་ཀྱི་རེ་འདུན་ཇི་ལྟར་གཞལ་ཡང་དེ་ལྟར་འཇལ་བའི་ཚད་ཐིགས་དཔྱོང་།།
ཁྱེད་ཀྱི་སྒོ་གསུམ་རིག་པས་དྲངས་ཏེ་བརྙན་གཟུགས་ངག་རིག་ལམ་ནས་དཔར།།

འབའ་པ་སྐལ་བཟང་འཕྲིན་ལས་ཀྱི་བརྩམས་ཆོས་<<བྲང་གཞུང་གི་ང་རོ>>ལས་ཟུར་འདོན་བྱས།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེའི་འགན་ལྷན་ཐེངས་དང་པོ་མཇུག་སྒྲིལ་བ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • དུས་རབས་སྔ་ཕྱིའི་ནང་གི་སྡེ་དགེའི་བོད་སྨན།
  • སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
  • སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
  • བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
  • ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད། སྡེ་དགེ་ཟླ་ཡག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།