English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

དབུས་རྒྱུན་སྐབས་ ༣ པ་བསྐོ་བཞག་གིས་ཚོཊ་ཆེན་ལེགས་གྲུབ་བྱུང་།

འདོན་སྤེལ། 2019/11/27 11:20 AM རྩོམ་པ་པོ།

དབུས་རྒྱུན་སྐབས་ ༣ པ་བསྐོ་བཞག་གིས་ཚོགས་ཆེན་ལེགས་གྲུབ་བྱུང་།

འདི་ཟླའི་ཕྱི་ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་རིང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢ པ་དང་འགན་འཛིན་ལྷན་ཚོགས་ཐེངས་ ༥ པ་གཉིས་མཉམ་གཅིག་ཏུ་རྒྱལ་ས་ལྡི་ལི་རུ་བསྐོང་ཚོགས་ཞུས་ཏེ་དེ་རིང་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད། དེའང་ཚོགས་ཐོག་དེར་རྒྱལ་ཕྱི་ནང་གི་ས་གནས་ཁག་བརྒྱད་ཙམ་ནས་ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ་བཅས་ཚོགས་ཞུགས་མི་སྣ་ ༣༥ ཙམ་བྱུང་ཡོད་པ་རེད། ཚོགས་ཐོག་དེ་ནས་༸གོང་ས་མཆོག་གི་སྐུ་ཕྱྭའི་སྐོར་དང་། སྡེ་དགེའི་ཉིན་མོ་གཏན་ལ་ཕབ་པ་སོགས་གྲོས་ཆོད་ཁག་ ༦ སྤྱི་མོས་སུ་གཏན་འབེབས་ཞུས་ཡོད་པ་རེད།

མ་ཟད་འདི་ལོར་དབུས་རྒྱུན་སྐབས་ ༢ པའི་ལས་འཁྱུར་ཟིན་བཞིན་ཡོད་སྟབས། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་འོས་བསྡུ་ཚོགས་ཆུང་སྐབས་ ༢ པས་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ལམ་ནས་དབུས་རྒྱུན་སྐབས་ ༣ པ་བསྐོ་བཞག་བྱས་ཡོད་པ་དང་། (ཚོགས་གཙོ། ཚོགས་གཞོན། དྲུང་ཆེ། རྩིས་པ། དངུལ་གཉེར། དཔལ་འགན། )བཅས་ཐག་གཅོད་བྱུང་ཡོད་པ་རེད།

དེ་བཞིན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་རྩིས་ཞིབ་ཚོགས་ཆུང་སྐབས་ ༢ པ་བསྐོ་བཞག་བྱས་ཡོད་པ་རེད།(སྐུ་ངོ་དབྱངས་ཅན་སྒྲོལ་དཀར། ཚེ་དབང་བསོད་ནམས།)  ཚོགས་ཐེངས་འདིའི་དཔལ་འབྱོར་གྱི་མཐུན་འགྱུར་སྦྱར་གནང་མཁན། དབུས་རྒྱུན་བླ་ཁྲི་ལྷག་པ་རྒྱལ་མཚན་ལགས། སྡེ་དགེ་ས་ཁང་ཚོགས་ཆུང་གི་ཚོགས་མི་དཀོན་མཆོག་བསྟན་འཛིན་ལགས། བལ་ཡུལ་གནས་བཞུགས་ཀརྨ་སྒྲོལ་དཀར་ལགས་བཅས་བྱུང་ཡོད་པ་རེད།

གཞན་ཡང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་སློབ་ཡོན་སྦྱོར་སྤྲོད་ལ་མཐུན་འགྱུར་རྒྱ་ཆེན་སྦྱར་གནང་མཁན་ཨ་རིར་གནས་བཞུགས་སྟག་ལྔ་རྒྱལ་མཚན་ཆོས་གྲགས་ལགས་ལ་བཀའ་དྲིན་ཆེ་ཞུའི་གཟེངས་རྟགས་ཤིག་ཀྱང་འབུལ་ལམ་ཞུས་ཡོད་པ་རེད། ཚོགས་འདུ་རྒྱལ་ཁའི་ངང་གྲོལ་བ་དང་ཉིན་རྒྱབ་ནས་ཐུགས་སྤྲོ་གཏོང་འགོ་བཙུགས་ཏེ་ལས་དོན་ཐམས་ཅད་ལེགས་གྲུབ་བྱུང་ཡོད་པ་རེད།

སྐབས་གསུམ་པའི་དབུས་རྒྱུན་རྣམ་པ།

ཚོགས་གཙོ། བྱ་རྒོད་སྲས་འཆི་མེད་རྡོ་རྗེ།

ཚོགས་གཞོན་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།

དྲུང་ཆེ་མཁན་པོ་ཚེ་རིང་།

རྩིས་པ་འཇིགས་མེད་རྣམ་རྒྱལ།

དངུལ་གཉེར་ཆོས་གྲགས།

མཐུན་འབྲེལ་འགན་འཛིན་ཤྲི་ལ་དབང་གྲགས་རྡོ་རྗེ།

དཔལ་འབྱོར་འགན་འཛིན་དཀར་རྡོ་བཅས་འདེབས་ཐོན་བྱུང་ཡོད་པ་རེད།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ༈ འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་མཛད་རྣམ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།