English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

དཔོན་དབང་གྲགས་སེར་ཤུལ་རྫོང་ཐོག་ལ་འདུག་ཟེར།

འདོན་སྤེལ། 2014/09/7 5:03 AM རྩོམ་པ་པོ།

སྡེ་དགེ་འདན་མའི་ཡུལ་དུ་ཉེ་ཆར་ཐོན་པའི་གནས་ཚུལ་ཕྱོགས་བསྡུས།

ཉེ་ཆར་དཔོན་དབང་གྲགས་ཀྱི་རྐང་ལག་ལ་ལྕགས་སྒྲོག་བརྒྱབ་ནས་དམག་མི་དང་ཉེན་རྟོག་པས་བསྐོར་ཏེ་སེར་ཤུལ་རྫོང་གི་ཁྲོམ་གཞུང་དུ་ཁྲོམ་སྐོར་བྱས་ནས་ཁྲིད་ཡོད་པའི་གནས་ཚུལ་འདུག

1. ཕྱི་ཟླ་ ༨ པའི་ཚེས་ ༡༡ མཚན་མོ་སྡེ་དགེ་དབང་གྲགས་བཙན་ཁྲིད་བྱས།
2. ཕྱི་ཚེས་ ༡༢ སྔ་དྲོར་ལོ་ཕྱུག་ས་ཁུལ་དུ་མང་ཚོགས་ཀྱིས་མཐེ་བོང་གནམ་སློང་གི་ཞུ་འབོད་བྱས་པ་དང་། སྲིད་གཞུང་གིས་དྲག་གནོན་བྱས་ཏེ་དབང་གྲགས་ཀྱི་བུ་ཀུན་དགའ་ཤེས་རབ། ལོ ༡༧། ༼སློབ་ཕྲུག་ཡིན༽ཀྱིས་གཙོས་ཉུང་མཐར་མི་ ༡༠ རྨས་སྐྱོན་དང་། ༢༠ ཡན་མན་འཛིན་བཟུང་བྱས།
3. ཕྱི་ཚེས་ ༡༢ དགོང་མོ་ཕོ་སར་མང་པོ་ཞིག་ས་གནས་གཞན་དང་རི་འགོར་བྲོས་བྱོལ་དུ་འགྲོ་དགོས་བྱུང་།
4. ཕྱི་ཚེས་ ༡༢ མཚན་གུང་སེར་ཤུལ་རྫོང་ཐོག་ནས་ལོ་ཕྱུག་ས་ཁུལ་དང་ཤུག་པ་གྲོང་སྡེ་སོ་སོར་དམག་མི་དཀྱུས་མ། ༡༠༠། དྲག་རྒོལ་དམག་མི་ ༥༠། ཉེན་རྟོག་པ་ ༥༠ ཙམ་འབྱོར།
5. ཕྱི་ཚེས་ ༡༣ ཤུག་པ་གྲོང་ཚོ་ཁྱོན་ཡོངས་དྲག་པོའི་དམག་གིས་བསྐོར།
6. ཕྱི་ཚེས་ ༡༣ ནས་ ༡༦ ཡན་མན་བར་ཤུག་པ་སྡེ་བར་གདུང་སེམས་མཉམ་བསྐྱེད་ཆེད་འདན་མའི་ཁྱོན་ཡོངས་ཀྱི་མང་ཚོགས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་འཆར་བྱས་ཀྱང་ལག་བསྟར་མ་ཐུབ།
7. ཕྱི་ཚེས་ ༡༦ ཤུག་པ་སྡེ་བའི་བུ་ལོ་ ༡༢ ཡན་ ༨༠ མན་ཙམ་བྱས་པ་ཚང་མ་དང་། གྲོང་སྡེ་གཞན་པའི་བོད་མི་སོགས་བསྡོམས་མི་ ༢༠༠ ཡན་མན་ཙམ་ལོ་ཕྱུག་བཙོན་ཁང་དང་། སྨན་ཁང་བཅས་སུ་བཀག་བསྐྱིལ་བྱས་པ་དང་། བུ་རྣམས་ཀྱི་མགོའི་སྐྲ་བྲེགས་ཏེ་སྨྲ་འབེབས་བྱས།
8. ཕྱི་ཚེས་ ༡༧ ཉིན་བློ་དཔལ་བཟང་གིས་ངོ་རྒོལ་ཆེད་རང་ཤི་བརྒྱབ་པ་དང་། ཕོ་སར་ལོ་ ༢༢ ཅན་གྱི་རྨས་མ་ཞིག་བཀག་བསྐྱིལ་ཁང་དུ་འདས་གྲོངས་ཕྱིན།
9. ཕྱི་ཚེས་ ༡༨ ཉིན་དབང་གྲགས་ཀྱི་ཨ་ཚང་ཚེ་དབང་མགོན་པོ། ལོ་ ༦༠། སྤུན་མཆེད་ཡེ་ཤེས། ལོ་ ༤༢། མག་པ་སྦྱིན་པ་མཐར་ཕྱིན། ལོ་ ༡༨ ཅན་བཅས་རྨས་མ་གསུམ་རྡུང་རྡེག་དྲག་པོའི་ཐོག་དམར་གསོད་བཏང་། ཉིན་དེར་སྦྱིན་པ་མཐར་ཕྱིན་གྱི་ཆུང་མས་རང་གི་ཁྱོ་ག་བསད་པ་ཧ་གོ་བ་དང་ཐག་པས་སྐེ་བསྡམས་ཏེ་རང་ཤི་བརྒྱབ། ཁོ་མོའི་གྲོད་ཁོག་ཏུ་བྱིས་པ་ ཟླ་བ་ ༧ ཙམ་བྱས་པ་ཞིག་ཀྱང་ཡོད།
10. ཕྱི་ཚེས་ ༡༨ དང་ ༡༩ སོ་སོར་ས་གནས་དེ་གའི་མང་ཚོགས་དང་། ལོ་ཕྱུག་ས་ཁུལ་འོག་གི་སྡེ་དཔོན་ཡོངས་ཚོགས་འདུར་བཀང་ནས་དྲིལ་བསྒྲགས་ལོག་པ་དང་། གཞི་མེད་སྐྱོན་བརྗོད་ཀྱི་གཏམ་བཤད་བྱས།
11. ཕྱི་ཚེས་ ༢༣ ཉིན་དབང་གྲགས་ཀྱི་སྲུ་མོ་ཟླ་བ་ལྷ་མོ། ལོ་ ༧༤ ཅན་སྨན་ཁང་ནས་རྡུང་རྡེག་ཐོག་ཀླད་ཁྲག་བསྲེས་ཏེ་ཛ་དྲག་མྱུར་སྐྱོབ་ཆེད་དར་རྩེ་མདོར་ཁུར་དགོས་པ་བྱུང་།
12. ཕྱི་ཚེས་ ༢༨ ཡན་མན་ན་ཚེ་ཁོ་དང་། པད་རྒྱལ་ཞེས་པ་གཉིས་ཀྱིས་འདྲ་པར་བླངས་པའི་ཉེས་འཛུགས་འོག་འཇུ་བཟུང་བྱས།

ཉིན་འདི་ཚོར་ཤུག་པ་སྡེ་བའི་སྟོན་ཐོག་བསྡུ་མཁན་མེད་སྟབས་འདན་མ་ཆུ་ཉིན་སྲིབ་ཀྱི་མང་ཚོགས་ཀྱིས་སྟོན་ཐོག་བསྡུ་རྒྱུའི་འཆར་བཞི་བཟོས་ཀྱང་སྲིད་གཞུང་གིས་བསྡུ་བཅུག་མི་འདུག གནས་དོན་འདིའི་ཁྲོད་འདི་ནས་ཧ་གོ་བ་ལ་བོད་མི་ ༦ བསད་པའམ་འདས་གྲོངས་ཕྱིན་ཟིན། ཉེ་ཆར་དཔོན་དབང་གྲགས་ཀྱི་རྐང་ལག་ལ་ལྕགས་སྒྲོག་བརྒྱབ་ནས་སེར་ཤུལ་རྫོང་གི་ཁྲོམ་གཞུང་དུ་ཁྲོམ་སྐོར་བྱས་ནས་ཁྲིད་ཡོད་པའི་གནས་ཚུལ་འདུག

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྦེལ་ཇམ་དང་བལ་ཡུལ་ནས་འདན་མར་གདུང་སེམས་མཉམ་བསྐྱེད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།