English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

དཔལ་ཡུལ་དགོན།

འདོན་སྤེལ། 2013/01/26 4:50 AM རྩོམ་པ་པོ།

སྡེ་དགེའི་ལོ་རྒྱུས་དངུལ་དཀར་མེ་ལོང་ལས་དྲངས། རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།

 

དཔལ་ཡུལ་དགོན་ནི། རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ་སྤྱི་ལོ་1665 ལོར་སྡེ་དགེ་རྒྱལ་རབས་གསུམ་པ་ཁྲི་ཆེན་སངས་རྒྱས་བསྟན་པའི་བཀའ་ལུང་བཞིན་དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་བཏབ།གཙོ་བོ་མཁས་གྲུབ་ཀརྨ་ཆགས་མེད་དང༌།གནམ་ཆོས་མི་འགྱུར་རྡོ་རྗེ་རྣམ་གཉིས་ཀྱི་གདམས་ངག་གི་རྒྱུན་འཛིན་པ་ཡིན་པས་གདམས་ངག་གི་གྲུབ་མཐའ་བཀའ་བརྒྱུད་པ་དང༌། མིང་གི་གྲུབ་མཐའ་རྙིང་མ་པ་ལྟ་བུ་ཞིག་གྱུར་ཡོད།དོན་གྱི་གནས་སྟངས་ངོ་མ་དེ་ཕྱི་ལྟར་ན་རྙིང་མ་པ།ནང་ལྟར་ན་བཀའ་བརྒྱུད་པ།གསང་བ་ལྟར་ན་བཀའ་རྙིང་ཟུང་འབྲེལ་གྱི་གདམས་ངག་ཉམས་ལེན་བྱེད་མཁན་གྱི་དགོན་པ་ཞིག་ཡིན།

དགོན་པའི་རྩ་འཛུགས་ཀྱི་སྒྲིག་གཞི་ནི། «ཁམས་ཕྱོགས་དཀར་མཛེས་ཁུལ་གྱི་དགོན་པའི་ལོ་རྒྱུས་»ལས། གཙོ་བོ་བསྟན་པའི་བདག་པོ་རྒན་གཞོན་རྣམ་པ་དང༌། དེ་ནས་རིམ་བཞིན་སྤྲུལ་པའི་སྐུ་རྣམ་དང༌། མཁན་ཆེན། མཁན་པོ་བཅས་དང༌། ཚོགས་གྲལ་ན་བླ་མ་རྡོ་རྗེ་སློབ་དཔོན། དབུ་མཛད། ཆོས་ཁྲིམས་གསར་རྙིང་རྣམས་དང༌། བླ་བྲང་ནང་དུ་གཉེར་པ་དང༌། ཕྱག་མཛོད། མི་ཆེན། དགེ་བསྐོས། ཚོགས་ཆེན་བཅས། དེ་རྣམས་རང་རང་གི་འོས་འགན་འཕྲལ་སྒྲུབ་དང༌། གནད་དོན་ཕྲན་ཚེག་རིགས་རང་གིས་ཐག་བཅད་པ་རྣམས་གོང་དུ་སྙན་གསན་ཕུལ་བ་དང༌། རང་གིས་ཐག་མ་ཆོད་པའི་རིགས་རྣམས་བསྟན་པའི་བདག་པོ་ལ་སྙན་གསེང་བཀའ་སྐོར་དང༌། ཡང་ན་རྒྱས་འཛོམས་བཀའ་ཤག་མི་སྣ་རྣམས་འདུས་ནས་གྲོས་མོལ་ཐོག་ཐག་གཅོད་རྒྱུ། དོན་ཆེན་རིགས་དགོས་གལ་བྱུང་ཚེ་སྡེ་དགེའི་མཐོ་རིམ་མི་སྣ་ལ་ཞུ་གཏུག་གིས་ཐག་བཅད་རྒྱུ་བཅས། དགོན་པ་ནང་གི་དབང་འཛིན་པའི་གོ་གནས་ཀྱང༌། ཐོག་མར་བསྟན་པའི་བདག་པོ་ནི། རིག་འཛིན་ཀུན་བཟང་ཤེས་རབ་ནས་ད་ལྟའི་བར་སྨོས་ན། རིག་འཛིན་ཀུན་བཟང་ཤེས་རབ་ནི། སྤྲུལ་པའི་སྐུ་ཞེས་པའི་མཚན་དམིགས་བསལ་མེད་ཀྱང་མཁས་བཙུན་གཉིས་ཀྱི་སྙན་པས་ཁྱབ་པ། མཁས་གྲུབ་ཀརྨ་ཆགས་མེད་སོགས་དམ་པ་མང་པོས་རྗེས་སུ་བཟུང་ཞིང་གཟེངས་བསྟོད་གནང་བ། ཆོས་རྒྱལ་སྡེ་དགེ་རྒྱལ་པོས་དབུ་ཡི་མཆོད་གནས་སུ་བསྐུར་ཞིང་བསྟན་པའི་བདག་པོར་བསྐོ་བཞག་གནང༌།དེ་ནས་རིམ་བཞིན་གདན་རབས་ལྔའི་བར་དུ་ཐུགས་སྲས་སློབ་མ་རྣམས་ལ་བསྟན་པ་གཏད་ནས་འཛིན་སྐྱོང་གནང་བ་ལས་དགོན་པའི་སྤྲུལ་སྐུའི་མཚན་མ་བྱུང༌། གདན་རབས་དྲུག་པ་ཀརྨ་འགྱུར་མེད་ནི། རྒྱལ་བ་ཀརྨ་པ་བདུད་བདུད་རྡོ་རྗེས་ཀརྨ་བཀྲ་ཤིས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་ནས་བསྟན་པའི་བདག་པོར་གྱུར། དེ་ནས་བཟུང་དཔལ་ཡུལ་ཀརྨ་ཡང་སྲིད་རིམ་བྱོན་རྣམས་བསྟན་པའི་བདག་པོར་གྱུར། ཞེས་སོགས་གསལ་བ་ལྟར་རོ།།

དེ་ལྟར་དཔལ་ཡུལ་དགོན་གྱི་བསྟན་བདག་དཔལ་ཡུལ་ཀརྨ་ཡང་སྲིད་སྐུ་ཕྲེང་རིམ་བྱོན་རྣམས་དང༌།གྲུབ་དབང་པད་རྣམ་སྐུ་ཕྲེང་རིམ་བྱོན།རྫོང་ནང་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་དཔལ་ཡུལ་དགོན་གྱི་བསྟན་དོན་རྒྱ་ཆེན་སྒྲུབ་གནང་མཛད་པ་མ་ཟད།སྡེ་དགེའི་བསྟན་ཆུས་ལ་ཡང་ཞབས་འདེགས་ཀྱི་མཛད་རྗེས་མི་དམན་པར་འཇོག་ཡོད།སྡེ་དགེའི་མངའ་ཁོངས་ཀྱི་ཕྱིར་ཕྱོགས་སུ་ཡོད་པའི་དཔལ་ཡུལ་དགོན་ལག་མང་པོ་ཞིག་མགོ་ལོག་དང༌། ཉག་རོང༌།ཨ་མདོ་སོགས་སུ་ཡོད་པར་གསལ།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། རྫོགས་ཆེན་དགོན།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ཞེ་ཆེན་དགོན་བསྟན་གཉིས་དར་རྒྱས་གླིང་གི་ངོ་སྤྲོད་མདོར་བསྡུས།
  • སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༧ པར་འཚམས་འཕྲིན།
  • སྡེ་དགེ་འདན་མའི་ཡུལ་གྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་།
  • སློབ་དཔོན་ཆེན་པོའི་ཀཿཐོག་རྡོ་རྗེ་གདན་གྱི་གནས་བཤད།
  • རྨུགས་སངས་གནས་བཤད་དང་དགོན་པའི་ལོ་རྒྱུས་སྙིང་བསྡུས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།