དགེ་ལུགས་པའི་དགོན་པ།
ཡོང་ཁུངས། སྡེ་དགེའི་སྲིད་དོན་རྒྱལ་རབས། རྩོམ་པ་པོ། ཟླ་དབྱངས་དང་འཆི་མེད་རྡོ་རྗེ།
༡༽སེར་ཤུལ་དགོན་ནི།རབ་བྱུང་བཅུ་གསུམ་པའི་ལྕགས་ཕོ་འབྲུག་གི་ལོར་༼སྤྱི་ལོ་༡༧༦༠༽རྗེ་དཀའ་བཅུ་རིན་པོ་ཆེ་བློ་བཟང་ཆོས་དར་གྱིས་ཐོག་མར་ཕྱག་བཏབ།སྔོན་ཆད་གྲྭ་པ་གཅིག་སྟོང་ཉིས་བརྒྱ་ཡོད།
༢༽དགོན་གསར་དགོན་ནི།རབ་བྱུང་བཅུ་གཅིག་པའི་ནང་སྟེ་སྤྱི་ལོ་༡༦༦༠ལོའི་མས་ཡས་སུ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་ཐོག་མར་ཕྱག་བཏབ་ཡོད་པ་འདྲ།སྔོན་ཆད་དགེ་འདུན་པ་ལྔ་བརྒྱ་ལྷག་ཡོད་ལ་ད་ལྟ་བརྒྱ་དང་བཅུ་ཞི་ཙམ་ཡོད།
༣༽འབུམ་གསར་དགོན་ནི།རབ་བྱུང་བཅུ་གསུམ་པའི་ནང་དུ་དཔོན་དཔལ་ལྡན་མགོན་པོས་སྦྱིན་བདག་བྱས་ཤིང་།ཇོ་བོ་མཆོག་སྤྲུལ་སྐལ་བཟང་དགེ་ལེགས་རྒྱལ་མཚན་གྱིས་ཕྱག་བཏབ།དགོན་བཞུགས་གྲྭ་པ་བརྒྱ་ཡོད།
༤༽དབོན་པོ་དགོན་ནི།རབ་བྱུང་བཅུ་གཉིས་པའི་བགྲང་བྱ་ཉེར་གཉིས་ས་བྱིའི་ལོར་༼སྤྱི་ལོ་༡༧༠༨༽གོ་རྒྱལ་དགེ་བ་ཚུལ་ཁྲིམས་ཀྱིས་ཕྱག་བཏབ།སྔོན་ཆད་གྲྭ་ཤག་སུམ་བརྒྱ་དགུ་བཅུ་ལྷག་དང་།དགེ་ཚུལ་སློང་བཞི་བརྒྱ་ལྷག་དང་ཉུང་མཐར་ཡང་སུམ་བརྒྱ་བདུན་ཅུ་ཡས་མས་འཛོམས་པ་རེད།
༥༽ཀ་བཞི་དགོན་ནི།རྒྱལ་དབང་བསོད་ནམས་རྒྱ་མཚོའི་ལུང་བསྟན་ལྟར།ཉག་རོང་རྡོ་རྗེ་རྒྱལ་མཚན་གྱིས་རབ་བྱུང་བཅུ་པའི་ས་སྟག་ལོ་སྟེ་སྤྱི་ལོ་༡༥༧༨ལོར་ཕྱག་བཏབ་པ་འདྲ།ད་ལྟ་དགེ་འདུན་པ་བརྒྱ་ཕྲག་གཉིས་ལྷག་ཡོད།
༦༽ཇོ་བོ་དགོན་ནི།ངག་དབང་རྒྱ་མཚོས་རབ་བྱུང་བཅུ་གསུམ་པའི་དཀྱིལ་ཙམ་ལ་དགོན་ས་བཏབ།སྔོན་སྡེ་དགེ་རྒྱལ་པོས་བྱ་རྒོད་ཚང་གི་ལྷ་སྡེ་རྒྱ་གར་ཟེར་བ་དུད་ཚང་བཞི་བཅུ་ཙམ་དང་།སྡེ་དགེའི་ཨ་གནམ་རྡོ་རྗེ།ཕུ་མ་རིག་རྣམ་གྱི་འཁོར་དུད་ལས་ལྟོ་རུ་དུད་ཚང་སུམ་ཅུ་ཙམ་ཇོ་བོ་དགོན་གྱི་ཆོས་སྡེར་གནང་།སྔོན་དགེ་འདུན་པ་སུམ་བརྒྱ་ལྷག་ཡོད་ལ་ད་ལྟ་བརྒྱ་དང་བཅུ་ཙམ་ཞིག་བཞུགས།
༧༽བོ་རོད་དགོན་ནི།གཙང་སྟོད་བཀྲ་ཤིས་ལྷུན་པོའི་བཀའ་རབ་འབྱམས་པ་བསྟན་པ་དར་རྒྱས་ཀྱིས་ཕྱག་བཏབ།སྡེ་དགེ་ཡིད་ལྷུང་ལྷ་རི་དཔོན་ཚང་གིས་བོ་རོད་དགོན་ལ་གཞན་དང་མི་འདྲ་བའི་རོལ་མོ་འཛམ་གླིང་གཡས་བཞག་ཅིག་ཕུལ་བ་ད་ལྟའང་ཡོད།སྔོན་དགེ་འདུན་པ་བརྒྱ་ལྷག་ཙམ་དང་ད་ལྟ་དྲུག་ཅུ་ལྷག་བཞུགས།
༨༽འཇུ་མང་དགོན་ནི།ཕྱག་འདེབས་པ་པོའི་མཚན་དང་ལོ་རྒྱུས་ད་ལྟ་ཁུངས་དག་མི་གསལ།ཕལ་ཆེར་རབ་བྱུང་བརྒྱད་པའི་ནང་ཙམ་ཞིག་ཡིན་པ་འདྲ།སྔོན་དགེ་འདུན་པ་བརྒྱ་ལྷག་ཡོད་ལ་ད་ལྟ་བདུན་ཅུ་ལྷག་ཙམ་བཞུགས།
༡༠༽དུད་གསར་དགོན་ནི།སྤྱི་ལོ་༡༨༨༩ལོར་བྱམས་པ་ཆོས་ཀྱི་བློ་གྲོས་ཀྱིས་ཐོག་མར་ཕྱག་བཏབ།བླ་གྲྭ་སུམ་ཅུ་སོ་ལྔ་ཙམ་ཡོད།༡༡༽བ་རོད་དགོན་ནི།ཐོག་མར་ཇོ་བོ་སྐལ་བཟང་དགེ་ལེགས་རྣམ་རྒྱལ་གྱིས་བཏབ།ཁག་ཁོག་ནས་གནས་སྤོས་ནས་སྤྱི་ལོ་༡༨༧༠ལོའི་ཡས་མས་ལ་ཆབ་མདོ་ལྕགས་རྭ་རིན་པོ་ཆེ་ངག་དབང་འཕྲིན་ལས་ཀྱིས་ས་འདུལ་དང་རབ་གནས་མཛད་དེ་ཆགས།སྔོན་བླ་གྲྭ་སུམ་བརྒྱ་ཙམ་དང་ད་ལྟ་བརྒྱ་དང་ལྔ་བཅུ་ཉེ་བ་ཞིག་ཡོད།་
༡༡༽རྫ་སྤང་ཐང་དགོན་ནི།སྐྱབས་མགོན་ཐམས་ཅད་མཁྱེན་པའི་བཀའ་ལུང་ལྟར།སྤྱི་ལོ་༡༨༦༤ལོར་དཔོན་མོའི་བུ་བསོད་ནམས་ཚེ་དབང་གིས་ཐོག་མར་བཏབ།དགེ་མ་སུམ་ཅུ་ལྷག་ཡོད།
༡༢༽གླང་ཐང་།༼ཀློང་ཐང་།གློང་ཐང་།༽སྒྲོལ་མ་ལྷ་ཁང་ནི།སྔོན་གྱི་བཤད་སྲོལ་ལྟར་ན།ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་ཁ་གནོན་དུ་མཐའ་འདུལ་གྱི་གཙུག་ལག་ཁང་བཞི་དང་ཡང་འདུལ་གྱི་གཙུག་ལག་ཁང་བཞི་བཅས་བཞེངས་པའི་གྲས་ཡིན།ཆོས་སྡེ་འདི་ཉིད་འཕྲུལ་སྣང་གི་གཙུག་ལག་ཁང་མ་བཞེངས་པའི་སྔོན་དུ་སྟེ་སྤྱི་ལོ་༦༣༨ལོར་བཞེངས།ད་ལྟ་དགེ་འདུན་གྱི་གྲངས་གྱ་ལྔ་ཙམ་ཡོད།
༡༣༽འབར་དྷ་དགོན་ནི།མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་གླིང་བློ་བཟང་གིས་ཕྱག་བཏབ།ཁོང་དང་ཁོང་ཉིད་ཀྱི་དངོས་སློབ་བཅུ་དང་བཅས་པས་འཛིན་སྐྱོང་སྤེལ་གསུམ་གནང་ནས་དར་རྒྱས་བྱུང་།ད་ལྟ་གུང་སྤྲུལ་ཆེ་ཆུང་གཉིས་དང་གྲྭ་པ་བརྒྱ་དང་བདུན་ཡོད།
༡༤༽ཉིན་རྫོང་དགོན་ནི།རབ་བྱུང་བརྒྱད་པའི་དུས་དུས་ཀ་བཞི་དཔོན་གྱིས་ཡོན་བདག་མཛད་ནས།རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོས་ཕྱག་བཏབ།དགེ་འདུན་པ་སུམ་བརྒྱ་ལྷག་ཡོད་པར་གྲགས།
༡༥༽ཉཿའགེ་དགོན་ནི།རབ་བྱུང་བཅུ་གཅིག་པའི་པ་སྟེ་སྤྱི་ལོ་༡༦༦༢ལོར་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཕྱོགས་ལས་རྣམ་རྒྱལ་གྱིས་གླིང་རི་ཉ་ཚ་ཨ་བརྟན་གྱི་གནས་སུ་ཕྱག་བཏབ།སྔོན་བླ་གྲྭ་བརྒྱ་དང་ལྔ་བཅུ་ལྷག་དང་ད་ལྟ་བདུན་ཅུ་ཙམ་ཡོད།
༡༦༽གྲུ་པ་དགོན་ནི།སྤྱི་ལོ་༡༤༤༤ལོར་བླ་མ་གླིང་བློ་བཟང་གིས་ཕྱག་བཏབ།གྲུ་པ་དགོན་བཀྲ་ཤིས་གླིང་ཞེས་མཚན་གསོལ།སྔོན་གྲྭ་ལྔ་བཅུ་ལྷག་ཙམ་དང་ད་ལྟ་སོ་བརྒྱད་བཞུགས།
༡༧༽འདན་ཀ་ཕུད་དགོན་ནི།ཐོག་མར་བོན་དགོན་ཞིག་ཡིན་པ་དང་།དེ་ནས་ས་སྐྱ་རུ་བསྒྱུར་ཡང་དེ་རྣམས་ཀྱི་ལོ་རྒྱུས་མི་གསལ།རྗེས་ནས་དགེ་ལུགས་སུ་བསྒྱུར་ནས་ཀ་གཞི་བྱང་ཆུབ་སེམས་དཔས་ཕྱག་བཏབ།ད་ལྟ་དགེ་འདུན་པ་སུམ་ཅུ་སོ་བདུན་བཞུགས།
༡༨༽མང་དགེ་དགོན་ནི།དབུས་གཙང་བླ་མ་ཤ་ར་བའི་སྐུ་ཕྲེང་གཉིས་པ་བླ་མ་དམ་ཆོས་ཀྱིས་རབ་བྱུང་བཅུ་པའི་ནང་ཚན་ལ་ཕྱག་བཏབ།སྔོན་དགེ་འདུན་པ་བརྒྱ་དང་ཉི་ཤུ་ལྷག་དང་ད་ལྟའང་དེ་ཙམ་ཡོད།
༡༩༽གདན་ཁྲི་དགོན་ནི།ཆབ་མདོ་ལྕགས་ར་མཆོག་སྤྲུལ་རིན་པོ་ཆེས་སྤྱི་ལོ་༡༦༢༠ལོ་ཡས་མས་ལ་ཕྱག་བཏབ་ཡོད་པ་འདྲ།བླ་གྲྭ་སོ་བདུན་ཡོད།
༢༠༽ཐར་ཤུལ་དགོན་ནི།རབ་བྱུང་བཅུ་གཉིས་པ་སྟེ་སྤྱི་ལོ་༡༧༣༠ལོར་ཇོ་བོ་མཆོག་སྤྲུལ་སྐལ་བཟང་དགེ་ལེགས་རྒྱལ་མཚན་གྱིས་ཕྱག་བཏབ།
༢༡༽སྤང་གདོང་ཇོ་དགོན་ནི།ཧོར་ཆོས་རྗེ་ངག་དབང་ཆོས་འཕེལ་དང་སྡེ་དཔོན་བསོད་ནམས་ཚེ་དབང་མཆོད་ཡོན་ཟུང་འབྲེལ་གྱིས་སྤྱི་ལོ་༡༨༦༥ལོར་ཕྱག་བཏབ།ད་ལྟ་གྲྭ་པ་སུམ་ཅུ་ལྷག་ཡོད།
༢༣༽ཆོས་འཁོར་དགོན་ནི་སྤྱི་ལོ་༡༦༥༢ལོར་ཕྱག་བཏབ།༢༤༽དཀར་འོད་དགོན།༢༥༽རྡོ་དགོན་དགོན།༢༦༽རྣམ་རྒྱལ་དགོན་ནི་སྤྱི་ལོ་༡༦༥༢ལོར་ཕྱག་བཏབ།༢༧༽ཆོས་དཔལ་དགོན།༢༨༽བསམ་འགྲུབ་དགོན།༢༩༽གཡས་རི་དགོན་ནི་སྤྱི་ལོ་༡༠༣༤ལོར་ཕྱག་བཏབ།༣༠༽གདོང་རྫོང་དགོན་ནི་སྤྱི་ལོ་༡༦༥༢ལོར་ཕྱག་བཏབ།༣༡༽བྱང་ཆུབ་དགོན་སོགས་ཡིན་ནོ།།
༡༣༽འབར་དྷ་དགོན་ནི། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་གླང་ཇོ་བཟང་གིས་ཕྱག་བཏབ། ཁོང་དང་ཁོང་ཉིད་ཀྱི་དངོས་སློབ་བཅུ་དང་བཅས་པས་འཛིན་སྐྱོང་སྤེལ་གསུམ་གནང་ནས་དར་རྒྱས་བྱུང་། ད་ལྟ་གུང་སྤྲུལ་ཆེ་ཆུང་གཉིས་དང་དགའ་བླ་རིན་པོ་ཆེ་བཅས་བླ་གྲྭ་བརྒྱ་སྐོར་ཞིག་་ཡོད།
སྡེ་དགེ་དྲ་བདག་ལྷན་རྒྱས་ལ་ཞུ་རྒྱུ་ནི་གོང་འཁོད་ཁམས་འབའ་དྷ་དགོན་པའི་ལོ་རྒྱུས་དང་མཚན་མ་འཁོད་ཁག་གཅིག་ནོར་བཅོས་པ་ལགས་ན་རྗེས་འདི་ལྟར་དྲ་ཐོག་བཀོད་རོགས་གནང་ཕྲན་ནི་ཁམས་འབའ་དྷ་དགོན་པའི་གྲྭ་པ་ཞིག་པ་ཡིན། ད་ལྟར་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་གླིང་ཁང་ཚན་དུ་ཡོད། གློག་འཕྲིན་ཁ་བྱང་། [email protected]
ལགས་སོ། ཤེས་རབ་ལགས་ཁ་དྲོ། འོན་ཀྱང་ངེད་ཚོས་གོང་གསལ་རྒྱལ་རབས་དེར་ཁུངས་བཏུགས་ཡོད། དེ་བཞིན་བློ་བཟང་དང་གླང་ཇོ་བཟང་གཉིས་མི་གཅིག་ཀྱང་ཡིན་སྲིད་པ་འདུག་སྙམ་་་
༡༣༽འབར་དྷ་དགོན་ནི།མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་གླིང་བློ་བཟང་གིས་ཕྱག་བཏབ།ཁོང་དང་ཁོང་ཉིད་ཀྱི་དངོས་སློབ་བཅུ་དང་བཅས་པས་འཛིན་སྐྱོང་སྤེལ་གསུམ་གནང་ནས་དར་རྒྱས་བྱུང་།ད་ལྟ་གུང་སྤྲུལ་ཆེ་ཆུང་གཉིས་དང་གྲྭ་པ་བརྒྱ་དང་བདུན་ཡོད།
སྡེ་དགེ་དྲ་བདག་ལྷན་རྒྱས་མཆོག་ལ། ཆེད་ཞུ།
འདི་ག་འབའ་དྷ་དགོན་པའི་ལོ་རྒྱུས་ཞིག་བསྐུར་མ་ཚད་ཁམས་ཕྱོགས་ཀྱི་དགོན་པ་མང་པོ་ཞིག་གི་ལོ་རྒྱུས་འདུག
http://www.thlib.org/places/monasteries/publications/kham-monasteries.php#!book=/kham-monasteries/v2/b2-3/
དགོན་པའི་ལོ་རྒྱུས་མདོ་བསྡུས་ཞིག་འདི་ན་འདུག་ཡིན་ན་ཡང་དགའ་བླ་རིན་པོ་ཆེའི་མཚན་འཁོད་མི་འདུག གོང་ཞུས་ལྟར་རེད།