English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཐེ་ཀོར་གྱི་རྩོམ་ཡིག་འགའ་ཞིག་གི་འགྱུར།

འདོན་སྤེལ། 2013/01/9 6:54 AM རྩོམ་པ་པོ།

སྤེལ་དུས་། ༢༠༡༠།༡༠།༢༦།

tagore

མར་ཁུ་རྒྱལ་མཚན་གྱིས་བསྒྱུར།

གྱེས་བྲལ།

ང་འགྲོ་རན་བྱུང༌། ཨ་མ། ང་དངོས་ནས་འགྲོ་རན་བྱུང༌།

འཇམ་ཐིང་ཐིང་གི་སྐྱ་རེངས་འཆར་འོང་དུས༌། ཁྱེད་ཀྱིས་ཁུ་སིམ་མེར་ལག་ཟུང་བསྲིངས་ནས་མལ་མལ་ཁྲིའི་ཐོག་གི་བྱིས་པ་པང་བསམ་དུས། ངས་ཁྱེད་ལ་ཁྱེད་ཀྱི་བུ་ཆུང་དེ་ན་མེད་ཡ་ཅེས་བརྗོད་སྲིད། ཨ་མ། ང་འགྲོ་རན་བྱུང༌།

ང་རང་བསིལ་འཇམ་གྱི་རླུང་བུ་ཞིག་ཏུ་སྤྲུལ་ནས་ཁྱེད་ལ་བྱིལ་བྱིལ་བྱེད་འདོད། ང་རང་ཆུ་ནང་གི་རླབས་གཉེར་ཞིག་ཏུ་སྤྲུལ་ནས། ཁྱེད་རང་ཁྲུས་ལ་རོལ་དུས།ངས་ཁྱེད་ལ་འོ་ཡང་ཡང་བྱེད་འདོད༌།

དྲག་རླུང་ལྡང་བའི་མཚན་མོར། ཆར་ཐིགས་སྡོང་ལོའི་སྟེང་ནས་ཤག་ཤག་ལྷུང་འོང་དུས། ཁྱེད་ཀྱིས་མལ་ཁྲིའི་ཐོག་ནས་ངའི་སྐད་སྒྲ་ཐོས་སྲིད། གློག་དམར་ཕྱེ་ཡོད་པའི་སྒེའུ་ཁུང་ལས་ཁྱེད་ཀྱི་ཁང་བའི་ནང་དུ་འཕྲོ་འོང་དུས། ངའི་དགོད་སྒྲའང་དེ་དང་འགྲོགས་ནས་ནང་ལ་འཛུལ་སྲིད།

གལ་ཏེ་ཁྱེད་ཉིད་མལ་ཁྲིའི་སྟེང་ནས་གཉིད་མ་ཁུག་པར་རང་ཉིད་ཀྱི་བྱིས་པ་དྲན་ནས་ནམ་གུང་ལ་བསླེབས་ཚེ། ངས་སྐར་ཚོགས་རྣམ་པར་བཀྲ་བའི་མཁའ་དབྱིངས་ནས༌། བདེ་བར་གཟིམ་རོགས། ཨ་མ་ལགས། བདེ་བར་གཟིམ་རོགས། ཞེས་ལེན་སྲིད།

ང་རང་ཕྱོགས་གང་སར་འཁྱམ་མྱུལ་ལ་འགྲོ་བཞིན་པའི་ཟླ་བའི་སྟེང་ཙོག་ནས་ཁུ་སིམ་མེར་ཁྱེད་ཀྱི་མལ་ཁྲིའི་ཐོག་ལ་འོངས་ངེས་ཤིང༌། ཁྱེད་ཉིད་གཉིད་ཡོད་པའི་གོ་སྐབས་དང་བསྟུན་ནས་ང་རང་ཁྱེད་ཀྱི་བྲང་ཁ་ནས་ཉལ་སྲིད།

ང་རང་རྨི་ལམ་ཞིག་ཏུ་སྤྲུལ་ནས་ཁྱེད་ཀྱི་མིག་ལྕིབས་ཀྱི་སྲུབས་ཀ་ལས་གཉིད་ཀྱི་ཟབ་སར་འཛུལ་ངེས་ཤིང༌། ཁྱེད་རང་དངངས་སྐྲག་དང་བཅས་གཉིད་ལས་སད་ཚེ། ང་རང་སྲིན་འབུ་མེ་འཁྱེར་བཞིན་མུན་ནག་གི་ཀློང་ལ་འཕུར་སྲིད།

ཕུ་ཅ་※དུས་ཆེན་གྱི་ཉིན་མོར། ཁྱིམ་མཚེས་གཡས་གཡོན་གྱི་བྱིས་པ་དག་འུ་ཚང་ལ་ཡོང་ནས་རྩེད་འཇོ་ལ་གཡེང་དུས། ང་རང་གླིང་བུའི་སྒྲ་དབྱངས་ནང་དུ་འཐིམ་ངེས་ཤིང༌། ཁྱེད་ཀྱི་སེམས་ནང་ནས་གཡོ་ཞིང་འགུལ་སྲིད།

སྙིང་ཉེ་བའི་ཨ་ནེ་ཡིས་ལེགས་སྐྱེས་ཁྱེར་འོང་ནས་ནུ་མོ། འུ་ཚང་གི་བྱིས་པ་དག་གང་ལ་བུད་སོང་ངམ།་ཞེས་དྲིས་ཚེ། ཁྱེད་ཀྱིས་ཁོ་མོར་སྐད་ངག་འཇམ་པོས། ཁོ་ཨང༌། ཁོ་རང་ད་ལྟ་ངའི་མིག་གི་རྒྱལ་མོའི་ནང་ན་ཡོད། ཁོ་རང་ད་ལྟ་ངའི་ལུས་པོའི་ནང་ན་ཡོད། ངའི་རྣམ་ཤེས་ཀྱི་ནང་ན་ཡོད། ཅེས་བརྗོད་རོགས།

※ཕུ་ཅ(puja)ཞེས་པའི་དོན་ནི་ལྷ་མཆོད་མཛད་སྒོ་ཆེན་མོ་ཞེས་པ་ཡིན་ཞིང༌། འདི་ནས་ཕུ་ཅ་དུས་ཆེན་ཞེས་པ་ནི་རྒྱ་གར་ཡུལ་གྱི་ཟླ་བཅུ་བའི་ནང་གི་མ་ཡུམ་དུས་ཆེན་ལ་གོ་དགོས།

 

ཤོག་གྲུ

ངས་ཉིན་མོ་རེ་རེར་ཤོག་གྲུ་རེ་རེ་དྲག་ཏུ་བཞུར་བཞིན་པའི་ཆུ་བོའི་གཞུང་ལ་བསྐུར་བ་ཡིན།

ངས་རང་གི་མིང་ཡིག་དང་སྡེ་བའི་མིང་ཡིག་ཤོག་གྲུའི་ངོས་ལ་གསལ་བོར་བྲིས་ཡོད།

ངའི་རེ་བ་ནི་ཤོག་གྲུ་འདི་དག་ས་ཆ་གཞན་གྱི་མི་རྣམས་ཀྱི་ལག་ཏུ་འབྱོར་རྒྱུ་དང་ང་ནི་སུ་ཡིན་པ་གསལ་བོར་ཤེས་སུ་འཇུག་རྒྱུ་དེ་ཡིན།

ངས་སྐྱེད་ཚལ་ནང་ན་བཞད་ཡོད་པའི་མཛེས་སྡུག་གི་མེ་ཏོག་རེ་རེ་ཤོག་གྲུའི་སྟེང་ལ་བཙུགས་ཡོད་ཅིང༌། ངའི་རེ་བ་ནི་ཞོགས་པར་བཞད་པའི་མེ་ཏོག་འདི་དག་མཚན་མོའི་དུས་སུ་བདེ་ལེགས་ཀྱི་ངང་ནས་ཆུ་འགྲམ་དུ་འབྱོར་རྒྱུ་དེ་ཡིན།

ངས་ཆུ་བོའི་གཞུང་ལ་ཤོག་གྲུ་བསྐུར་བ་ཡིན། མགོ་བོ་དགྱེ་ནས་ནམ་མཁར་བལྟས་དུས། སྤྲིན་གྱི་ཕུང་བོ་རེ་རེ་ཡིས་རླུང་གཡོར་དཀར་པོ་རེ་རེ་ཕུབ་འདུག

ངས་གྲོགས་པོ་སུ་ཞིག་གིས་ཁོའི་ཤོག་གྲུ་ཁྱེར་འོང་ནས་ངའི་ཤོག་གྲུ་དང་འགྲན་བསྡུར་བྱེད་མིན་གསལ་བོར་ཤེས་ཐབས་བྲལ།

མཚན་མོ་སླེབས་བྱུང༌། ངས་རང་གི་ངོ་གདོང་ལག་པས་བཀབ་མ་ཐག རྨི་ལམ་དུ་ངའི་ཤོག་གྲུ་དེ་དག་མཚན་མོའི་སྐར་འོད་ཀྱི་ཁྲོད་ན་འཕུར་བསྐྱོད་བྱེད་བཞིན་པ་མཐོང་བྱུང༌།

ཤོག་གྲུའི་ནང་ན་གཉིད་ལྷ་བཞུགས་ཡོད་ཅིང༌། ཤོག་གྲུའི་ནང་རྨི་ལམ་གྱི་ལག་གཟེབ་ཀྱིས་ཁེངས་འདུག

 

རྩོམ་པ་པོ།

ཁྱེད་ཀྱིས་ཨ་ཕས་དཔེ་ཆ་མང་པོ་ཞིག་བརྩམས་ཟིན་ཟེར་ནའང༌། ངས་ཁོའི་དཔེ་ཆའི་ནང་ན་ཅི་ཞིག་བྲིས་ཡོད་པ་ཧ་གོ་བ་མི་འདུག

ཁོས་ས་སྲོད་ཧྲིལ་བོར་དཔེ་ཆ་བཏོན་ནས་ཁྱོད་ལ་ཉན་དུ་འཇུག་བཞིན་ཡོད་ནའང༌། དོན་ངོ་མ་ཁྱོད་ཀྱིས་ཁོས་ཅི་ཞིག་འཆད་བཞིན་ཡོད་པ་ཧ་གོའམ།

ཨ་མ། ཁྱེད་ཀྱིས་ང་ཚོར་འཆད་མྱོང་བའི་གཏམ་རྒྱུད་དེ་དག་ནི་ངོ་མ་རྣ་བར་སྙན་ཞིང་འཇེབས་པ་ཞིག་རེད་ཨང༌། ང་རང་ཡ་མཚར་བ་ཞིག་ནི་ཨ་ཕས་ཅིའི་ཕྱིར་དེའི་སྐོར་གྱི་དཔེ་ཆ་མི་འབྲི་བ་ཡིན་ནམ།

ཁོས་ཐོག་མ་ཉིད་ནས་རང་ཉིད་ཀྱི་ཨ་མའི་ངག་ལས་གྱད་མི་དང་ལྷ། སྲས་མོ་སོགས་ཀྱི་གཏམ་རྒྱུད་ཐོས་མ་མྱོང་བ་ཡིན་ནམ།

ཡང་ན་ཁོས་སྔར་ནས་གཏིང་བརྗེད་དུ་གྱུར་སོང་བ་ཡིན་ནམ།

ཁོས་ནམ་རྒྱུན་ལུས་པོ་འཁྲུད་པར་འགོར་འགྱངས་བྱེད་བཞིན་ཡོད་པས། ཁྱེད་རང་ཐེངས་མང་པོར་ཁོ་རང་འབོད་དུ་མི་འགྲོ་ཀ་མེད་བྱུང༌།

ཁྱེད་ཀྱིས་ནམ་རྒྱུན་ཁོའི་ཟ་མ་འཁྱག་ཏུ་མ་བཅུག་པར་ཁོ་ལ་སྒུག་ཡོད་ནའང༌། ཁོས་དེ་དག་གཏིང་བརྗེད་དུ་གྱུར་ནས་མུ་མཐུད་དུ་ཅི་ཞིག་འབྲི་བཞིན་འདུག

ཨ་ཕས་ནམ་རྒྱུན་དཔེ་ཆ་དང་མཉམ་དུ་རོལ་རྩེད་རྩེ་བཞིན་འདུག

གལ་ཏེ་ང་རང་ཨ་ཕའི་དཔེ་ཁང་ནང་དུ་སོང་ནས་རྩེད་མོ་རེ་རྩེ་ཚེ། ཁྱོད་རང་རྒྱུགས་འོང་ནས་ང་ལ་ཁྱོད་རང་ངོ་མ་བྱིས་པ་པྲ་ཚགས་ཤིག་རེད་ཟེར།

གལ་ཏེ་ངས་སྒྲ་ཆུང་ངུ་རེ་འབྱིན་ཚེ། ཁྱེད་ཀྱིས་ང་ལ་ཁྱོད་ཀྱིས་ཨ་ཕས་ཕྱག་ལས་གནང་བཞིན་པ་མི་མཐོང་ངམཟེར།

ཡང་དང་བསྐྱར་དུ་བྲིས་བྲིས་ཀྱང༌། དེ་ལ་དོན་སྙིང་ཅི་ཞིག་ཡོད་དམ།

 

ངས་ཨ་ཕའི་ལྕགས་སྨྱུག་གམ་ཞྭ་སྨྱུག་ལག་ལ་བཟུང་ནས་ཁོ་ལྟར་དུ་ཁོའི་དཔེ་ཆའི་ངོས་ལ་a b c d e f g h i ཞེས་འབྲི་ཐེངས་རེར། ཨ་མ།ཁྱེད་རང་ངའི་སྟེང་ལ་ཁོང་ཁྲོ་ལངས་དོན་ཅི།

ཨ་ཕས་ཇི་ལྟར་བྲིས་ནའང༌། ཁྱེད་ཀྱིས་ཚིག་གཅིག་ཀྱང་མི་སྨྲ་དོན་ཅི་ཡིན་ནམ།

ཨ་ཕས་ཤོག་བུ་མང་པོ་ཞིག་ཆུད་ཟོས་སུ་བཏང་ནའང༌། ཁྱེད་ཀྱིས་དོ་སྣང་ཅུང་ཟད་ཡང་མི་བྱེད་ཀྱང༌།

ངས་ཤོག་བུ་གཅིག་བླངས་ནས་གྲུ་ཞིག་ལས་ཚེ། ཁྱེད་ཀྱིས་ང་ལ་ཁྱོད་ནི་བྱིས་པ་སུན་སྤྱད་ཅིག་ཟེར།

ཁྱེད་རང་ཨ་ཕའི་ནག་ཐིག་གིས་ཁྱབ་ཡོད་པའི་ཤོག་བུའི་ངོས་གཉིས་དང༌། འཕྲོ་བརླག་ཏུ་བཏང་ཡོད་པའི་ཤོག་བུ་མང་པོ་དེ་དག་ལ་ལྟ་ཚུལ་ག་འདྲ་འདུག

མཐའ་མཇུག་གི་ཉོ་ཚོང༌།

ཞོགས་པར་ངས་རྡོ་བ་བཏིང་ཡོད་པའི་ལམ་བུ་ཞིག་དེད་ནས་འགྲོ་བཞིན་ང་རང་སུ་ཞིག་གིས་གླ་རྒྱུ་ཡིན་ཞེས་དྲིས།

གོང་མ་ཤིང་རྟ་ལས་མར་བབས་སྟེ་ལག་ལ་གྲི་བཟུང་ནས་ཚུར་ལ་སླེབས་བྱུང༌།

ཁོས་ངའི་ལག་པར་འཇུ་བཞིན་ངས་དབང་ཤུགས་ལ་བརྟེན་ནས་ཁྱོད་རང་གླ་རྒྱུ་ཡིན་ཟེར།

ཁོའི་དབང་ཤུགས་ནི་ཅི་ཡང་ཡིན་མི་སྲིད་པས། མཇུག་མཐར་ཁོ་རང་ཤིང་རྟ་ལ་བསྡད་ནས་ཕར་ལ་བུད་སོང༌།

ཉིན་གུང་ཚ་གདུག་ཆེ་བའི་དུས་སུ། ཁྱིམ་ཚང་ཚང་མས་སྒོ་མོ་དམ་པོར་བརྒྱབ་འདུག

ང་རང་ཀྱག་ཀྱོག་གི་ལམ་བུ་ཞིག་དེད་ནས་མདུན་ལ་བསྐྱོད་པ་ཡིན།

རྒད་པོ་ཞིག་གིས་ལག་ལ་གསེར་དངུལ་ཁུག་མ་གང་བཟུང་ནས་ཚུར་ལ་སླེབས་བྱུང༌།

ཁོས་ཁུག་མ་དེ་བསྒུལ་ཙམ་བྱས་རྗེས་ངས་ཁྱོད་གསེར་དངུལ་གྱིས་གླ་རྒྱུ་ཡིན་ཟེར།

ཁོས་སྒོར་རྡོག་རེ་རེ་བརྩི་བཞིན་ཡོད་ནའང༌། ང་རང་ཁ་ཕྱིར་འཁོར་ནས་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་པ་ཡིན།

ས་སྲོད་ཀྱི་དུས་སུ། སྐྱེད་ཚལ་གྱི་ནང་ན་མེ་ཏོག་བཞད་འདུག

མཛེས་མ་ཞིག་ཚུར་ལ་འོང་ནས་ང་ལ་ངས་ཁྱོད་རང་འཛུམ་མདངས་ལ་བརྟེན་ནས་གླ་རྒྱུ་ཡིན་ཟེར།

མཇུག་མཐར་ཁོ་མོའི་ངོ་མདངས་འགྱུར་བ་དང་མིག་ཆུ་ཤོར་བཞིན་ཁེར་རྐྱང་ངང་མུན་ནག་གི་ཀློང་ལ་ཆས་སོང༌།

ཉི་འོད་བྱེ་ཐང་གི་སྟེང་ལ་འཕྲོས་ཡོད་ཅིང༌། མཚོ་རླབས་ཀྱིས་ཟེགས་མ་ཅི་དགར་གཏོར་བཞིན་འདུག

བྱིས་པ་ཞིག་ཐང་ལ་ཙོག་ནས་འགྲོན་བུ་རྩེ་བཞིན་འདུག

ཁོས་མགོ་བོ་ཡར་ལ་དགྱེ་ནས་ང་རང་ངོ་ཤེས་པ་ལྟར་ངས་ཁྱོད་རང་གླ་ཚེ་ཅི་ཡང་བཀོལ་མི་སྲིདཟེར།

བྱིས་པ་འདི་དང་རོལ་རྩེད་ཀྱི་ཁྲོད་ནས་ཉོ་ཚོང་བརྒྱབ་པའི་དུས་དེ་ནས་བཟུང༌། ང་རང་རང་དབང་ལྡན་པའི་མི་ཞིག་ཏུ་གྱུར་སོང༌།

 

སྤྲིན་ནམ་རླབས།

ཨ་མ། སྤྲིན་རུམ་ན་གནས་ཡོད་པའི་མི་ཡིས་ང་རང་འདི་ལྟར་འབོད་བཞིན་འདུག

ང་ཚོ་སད་པ་ནས་གཉིད་པའི་བར་དུ་རྩེད་མོ་རྩེ།

ང་ཚོ་གསེར་མདོག་གི་སྐྱ་རེངས་དང་མཉམ་དུ་རྩེད་མོ་རྩེ། ང་ཚོ་དུང་མདོག་གི་ཟླ་བ་དང་མཉམ་དུ་རྩེད་མོ་རྩེ་ཟེར།

ངས་ཁོ་ཚོར། ཡིན་ནའང༌། ངས་ཇི་ལྟར་བྱས་ན་ད་གཟོད་ང་རང་ཡར་ལ་ཡོང་ཐུབ་བམ། ཞེས་འདྲི་དུས།

ཁོ་ཚོས། ཁྱོད་རང་སའི་གོ་ལའི་སྣེ་མོར་ཡོང་ནས་ལག་པ་ཡར་ཁྱོགས་དང༌། ང་ཚོས་ཁྱོད་རང་ཡར་ལ་འཐེན་ཆོག་ཟེར།

ངས་ཁོ་ཚོར། ངའི་ཨ་མས་ཡུལ་ན་ང་ལ་སྒུག་ཡོད་པས། ང་རང་ཁོ་མོ་དང་བྲལ་ནས་འགྲོ་རུང་ངམ། ཞེས་བརྗོད་དུས།

ཁོ་ཚོ་དགོད་ཞོར་དུ་བར་སྣང་ལ་ཡལ་སོང༌།

ཡིན་ནའང༌། ངས་རོལ་རྩེད་དེ་ལས་ཀྱང་ཆེས་བཟང་བའི་རོལ་རྩེད་ཅིག་ཤེས་སྟེ། ཨ་

Comments are closed.

' རྩོམ་འོག་མ། ཤོག་བུ་བཟོ་བའི་ལག་ཤེས་ནི།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར།
  • སྡེ་དགེ་རྫ་ཆུ་ཁའི་གནས་ཚུལ་སྙིང་བསྡུས་དང་ཡུལ་སྲོལ་འགའ།
  • བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར།
  • བུད་མེད་ཞིག་གིས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས།
  • གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།