ཆུ་སྒང་གིས་རྒན་རབས་ཉམ་ཐག་ཚོར་འཚོ་སྣོན་སྦྱར་རྒྱུའི་སྐོར།
ཆུ་སྒང་རྒན་རབས་ཉམ་ཐག་འཚོ་སྣོན་ཞུ་རྒྱུའི་ཆ་རྐྱེན་དང་འགེངས་ཤོག
མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཁྱབ་ཁོང་རྒན་རབས་ཉམ་ཐག་མི་གཅིག་ལ་ལོ་གཅིག་གི་འཚོ་སྣོན་ཧིན་སྒོར་༦,༠༠༠།༠༠ དྲུག་སྟོང་རེ་མི་གྲངས་༡༠༠ ལ་འབུལ་རྒྱུ་དམིགས་ཚད་བཟུང་བ་དེ། སྐབས་༡༩པའི་ཆུ་སྒང་དབུས་རྒྱུན་རྣམ་པས་ཚོགས་འདུ་སྔ་ཕྱི་ནང་གོ་བསྡུར་ལྷུག་པོ་གནང་སྟེ། གྲོས་ཆོད་གྱི་ལམ་ནས་ཐག་ཆོད་བྱུང་བ་ཞིག་རེད།འཚོ་སྣོན་ཞུ་རྒྱུའི་ཆ་རྐྱེན་ཁག་གཤམ་གསལ་ལྟར་ཡིན།
མདོ་ཁམས་ཆུ་སྒང་རྒན་རབས་ཉམ་ཐག་འཚོ་སྣོན་ཞུ་རྒྱུའི་ཆ་རྐྱེན།
དགུང་ལོ་༧༥ ཡན་ཡིན་དགོས་པ། (བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་ཁོངས་ནང་ཞུགས་མྱོང་རིགས་རྣམས་ལ་དགུང་ལོའི་ས་མཚམས་མེད་)
1.ཉམ་ཐག་དངོས་གནས་ཡིན་པ་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་ངོས་སྦྱོར་རྒྱབ་གཉེར་དངོས་གཙང་དགོས་པ།
2.བོད་མིའི་ངོ་བོ་མཚོན་བྱེད་རང་དབང་དཔྱད་དངུལ་ལག་དེབ་ཡོད་པ།
3.ཆུ་སྒང་སྒྲིག་ཁོངས་ཡིན་པའི་མཚོན་བྱེད་ཆུ་སྒང་ཚོགས་མིའི་ལག་དེབ་ཡོད་པ།
གོང་གསལ་ཆ་རྐྱེན་ཚང་རིགས་ཀྱིས་ཟུར་ཡོད་འགེངས་ཤོག་བཀང་ནས། ཡིག་ཆ་ཁག་གི་འདྲ་བཤུས་དང་མགོ་པར་གཉིས་རེ་བཅས། ས་གནས་རྒྱུན་ལས་བརྒྱུད་ནས་དབུས་ཆུ་སྒང་ལས་ཁུངས་ལ་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༨ ནང་ཚུད་འབུལ་ཐུབ་པ་དགོས།
(ས་གནས་ཆུ་སྒང་རྒྱུན་ལས་རྣམ་པས་གོང་གསལ་ཆ་རྐྱེན་རྣམས་ཚང་མིན་ཞིབ་གཤེར་ནན་པོ་གནང་ནས་ས་རྒྱུན་ཚོགས་གཙོའི་མཚན་རྟགས་དང་ལས་ཐམ་ཡོད་དགོས།)
དབུས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཁང་ནས། ༢༠༡༣།༡༢།༥། ཉིན།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།