ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས།
ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས།
བོད་ཟླ11ཚེས6ཉིན་ཕྱེད་ནས་ཚེས7 གྱི་ཉིན་ཕྱེད་བར་དེར་ངན་པ་དགུ་འཛོམས་ཞེས་ཟེར་ཞིང་། སྤྱིར་དུས་ཚོད་དེའི་ནང་ཁ་སྨྲས་གླེང་བཞིའི་ཟས་མི་ཟ། རྒྱལ་བའི་གསུང་མི་སྒྲོག ཁྱེད་ངན་པ་དགུ་འཛོམས་ན་ང་བཟང་པོ་བཅུ་འཛོམས་ཞེས་དེ་སྔའི་ལོ་ཐོའི་ནང་འདོད་སྲོལ་ཡོད་ལ་ཡོངས་ཁྱབ་ཏུ་ཤོད་ཀྱི་ཡོད་པས་བྱ་སྤྱོད་ཐོག་དུས་ཚོད་དེའི་ནང་ལས་ཁུངས་ཡོངས་རྫོགས་ངལ་གསོ་དང་། རང་རང་གི་འཁོས་འབྱོར་ལ་གཞིགས་ཏེ་དགའ་ཉེས་བློ་དཀར་རྣམས་ཕན་ཚུན་མགྲོན་མགྲོན་འབོད་དང་འབྲེལ་ཁྱིམ་ཚང་སོ་སོའི་ནང་ཞི་འཇམ་བདེ་ལྷོད་ཀྱི་ཐོག་ནས་རོ་བརྒྱའི་བཅུད་དང་ལྡན་པའི་ཟས་བཟང་དང་བདུད་རྩིའི་མངར་དང་ལྡན་པའི་ཇ་ཆང་གི་བཏུང་བ་བཟང་པོར་གང་འདོད་ལྟར་ལོངས་སུ་སྤྱད་དེ་སྤྲོ་སྐྱིད་གཟབ་རྒྱས་གཏོང་སྲོལ་ཡོད་པ་དེ་ཐོག་ནས་རང་རེ་བོད་མི་རྣམས་རྟགས་དང་རྟེན་འབྲེལ། གཟའ་དང་ཚེས་གྲངས། རྨི་ལམ་བཟང་ངན་བཅས་བྱ་བ་ལེགས་ཉེས་གང་ཅིར་དོ་སྣང་ཆེན་པོ་བྱེད་པའི་གོམས་གཤིས་ཆགས་ཡོད་པ་ཞིག་རེད།