English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

གླུའི་རིགས།

འདོན་སྤེལ། 2013/01/23 5:30 PM རྩོམ་པ་པོ།

ཁ་དགའ་དགའ་བྱས་ཚད་རོགས་དགའ་མིན།།

དེ་ཡིན་ན་བློ་སེམས་སུ་ལ་གཏད།།

མགོ་རིལ་རིལ་བྱས་ཚད་བླ་མ་མིན།།

དེ་ཡིན་ན་དད་པ་སུ་ལ་བྱ།།

 

ང་ཚོའི་རོགས་དགའ་སེང་དང་འདྲ།།

སེང་དཀར་མོ་ལོ་རེ་ཐེངས་རེར་འགྱིངས།།

ཁྱེད་ཚོའི་རོགས་དགའ་ཁྱི་དང་འདྲ།།

ཁྱི་སྡར་ལི་ནུབ་རྒྱུག་ནངས་རྒྱུག་རེད།།

 

ཆུ་འགོ་ཉ་རྙོག་ཀླུ་རེད་ཟེར།།

ཇ་ཆུ་མི་བྱེད་ཀླུ་དང་འབྲེལ།།

རྡོ་རིལ་ཐ་ཐོར་བཙན་རེད་ཟེར།།

ཐབ་རྡོ་མི་བྱ་བཙན་དང་འབྲེལ།།

 

རྟ་བརྒྱའི་ཐོ་རུ་རག་ཕྲུག་མ།།

ཁ་ཕར་བསྐོར་རྟ་རྔ་དར་ལས་འཇམ།།

ཁ་ཚུར་བསྐོར་མགོ་འཕང་རྐྱོང་ལས་མཐོ།།

ངའི་འོག་རྟ་མེད་དེ་གཡང་གིས་སྲུང་།

 

རྟ་བརྫོ་ལེ་མང་པོ་མེད་གོ་ཏེ།།

གཅིག་ཡོད་བ་ནམ་མཁའི་བྱ་དང་འདྲ།།

བྱ་འདྲ་ལེའི་གཤོག་པ་མེད་གོ་དེ།།

འགྲོས་གོམ་ལག་ནམ་མཁའི་བྱ་དང་འདྲ།།

 

རྟ་གཅིག་ཡོད་དུས་རྟ་གཅིག་ཉོ།།

རྟ་མེད་རྐང་ཐང་འགྲོ་བལྟས་རེད།།

རོགས་གཅིག་ཡོད་དུས་རོགས་གཅིག་འདྲིས།།

རོགས་མེད་ཁེ་འགྲོ་བྱ་བལྟས་རེད།།

 

རྟ་རྐྱང་རྐྱང་རྐྱང་ནང་འདྲོགས་པའི་ཐར།།

ཚེ་གཅིག་ལ་རྐྱང་རྗེས་དུས་པ་ན།།

རྟ་ཁྱོད་ལ་རྐྱང་ཕྲུག་ཁ་དཀར་བཏགས།།

 

རྟ་བརྒྱའི་ཐོ་རུ་རག་ཕྲུག་མ།།

ལ་ཁར་མ་གང་ན་ལྷག་བསྡད་གདའ།།

ང་ཇག་པ་རྟ་ཐབས་མི་ཆག་སྟེ།།

རྟ་ཁྱོད་རང་ལུས་ས་སྡུག་བསྡད་གདའ།།

 

རྟ་མདོ་བ་གཡང་གིས་སྲུང་རྒྱུ་ཡིས།།

ཐག་རིང་དུ་མི་ཁུར་མི་བརྫོ་དུ།།

རོགས་དགའ་མོ་བླ་མས་བསྐྱབ་རྒྱུ་ཡིས།།

རྒྱུ་མི་འགི་མི་འདྲིས་མི་བརྫོ་དུ།།

 

གནའ་སྐེ་མོས་མཐོ་མཐོ་མི་དགོས་དང་།

རྫ་བྲག་དཀར་ཅི་ཡོད་ང་ཚོས་ཤེས།།

སྨད་བུ་མོས་རྒྱང་རྒྱང་མི་དགོས་དང་།

གཞིས་འཁོར་རྭ་ཅི་ཡོད་ང་ཚོས་ཤེས།།

 

ན་ནིང་ཡོད་པའི་རོགས་དགའ་དེ།།

ད་ལོ་མེད་པར་གང་ན་ཐལ།།

ཤི་བ་རེད་དམ་མེད་པ་རེད།།

ཤི་བ་རེད་ན་བརྫོ་ལེ་མིན།།

མེད་པ་རེད་ན་ཉུག་རོགས་བྱེད།།

 

ཕ་ཆེན་བུ་མོ་ཕེར་ཆེན་མ།།

སྤུལ་ཤེལ་གཡག་མགོ་ཆེན་པོ་མ།།

ཡག་བུད་མེད་མེད་ན་འཚར་པོ་གདའ།།

 

བོག་ཁྲ་རིང་ཤིང་ཐོག་ལྕགས་བཞག་རེད།།

ཁ་གྲག་རྒྱུ་ཡོད་ལེ་ཡ་མཚན་རེད།།

རོགས་མ་འདྲིས་སྡེ་བས་སྡེ་བ་ལ།།

ཞེ་མཐུན་རྒྱུ་ཡོད་ལེ་ཡ་མཚན་རེད།

 

བོག་ཁྲ་རིང་ལྕགས་ཡག་གཅུས་ཕྲ་མ།།

གཅུས་རེ་རེའི་མཚམས་ན་རྐྱེན་རེ་བདའ།།

རྐྱེན་འགི་རབས་སྡེ་ལ་མ་ཤོད་རོགས།།

བོག་ལན་གཅིག་འཕངས་པའི་མགོ་རྣ་ཡིན།།

 

མཚོ་སྟོད་གསེར་བྱ་སེར་པོ་དང་།

མཚོ་སྨད་དངུལ་བྱ་དཀར་པོ་གཉིས།།

མཚོ་སྟོད་སྨད་བྱེས་བསམ་མ་སྡུག་དང་།།

མཚོ་དར་ཁ་བྱེ་དུས་ཐུག་རྒྱུ་ཡོད།།

 

རྫ་ཁྲ་ཡག་རིག་བྱུང་གནའ་གཡག་དྲན།།

ཤ་འདྲེ་མོ་མེད་ན་ཅི་ལ་དྲན།།

སྡེ་ཁྲོ་བོ་རིག་བྱུང་རོགས་དགའ་དྲན།།

ཞེ་འཐད་པོ་མེད་ན་ཅི་ལ་དྲན།།

 

རྫ་མགོ་རི་མགོ་ཁ་ཁ་རེད།།

རི་སྨུག་པས་གཏུམ་ན་ཕྱོཊ་གཅིག་རེད།།

སྡེ་འགོ་ལུང་འགོ་ཁ་ཁ་རེད།།

སྡེ་དཔོན་གྱིས་བཟུང་ན་ཕྱོཊ་གཅིག་རེད།།

 

རྫ་རིའི་རྫ་ཤོག་སྡེ་མོ་བཞུགས།།

རྫ་ཆུ་སིལ་མ་འགྲོ་མི་ཡིན།།

སྤང་རིའི་སྤང་ཤོག་བདེ་མོ་བཞུགས།།

སྤང་རྒྱན་མེ་ཏོག་འགྲོ་མི་ཡིན།།

 

རོགས་དགའ་མོ་ལྷ་སའི་མཐིལ་ལ་ཐོན།།

འཕྲུག་ཐེ་གཅིག་རྒྱ་འགོ་ཁུར་འོང་ཟེར།།

འཕྲུག་ཐེ་གཅིག་རྒྱ་འགོ་ལུས་དགའ་སྟེ།།

ང་ཡར་འགྲོའི་རོགས་ལ་ཤ་རེ་ཚ།།

 

རོགས་དགའ་མོ་ཡོད་སའི་ས་ཕྱོགས་ལ།།

སྐྱིད་ཉི་མ་ཁེ་ཤར་ཡོང་བར་ཤོག །

སྐྱིད་ཉི་མ་ཁེ་ཤར་མེད་ན་ཡང་།

རླུང་སིལ་བུ་དར་ལས་འཇམ་པར་ཤོག །

 

རོགས་དགའ་མོ་ཡོད་སའི་ས་ཕྱོགས་ལ།།

སྤྲིན་དཀར་པོ་ཉིན་རྒྱུག་མཚན་རྒྱུག་རེད།

སྤྲིིན་དཀར་པོ་ཁ་གྲག་ཡོད་ན་གོ།

ངས་ཉིན་རེ་ཆ་རེ་བསྐུར་ས་རེད།

 

རི་མགོ་མཐོན་པོའི་ཉི་མ་དེ།

དྲོ་རོགས་མ་རེད་གྲང་རོགས་རེད།

ས་ཐག་རིང་པོའི་རོགས་དགའ་དེ།།

དགའ་རོགས་མ་རེད་སྡུག་རོགས་རེད།།

 

རི་ཕར་རིའི་རི་དང་ཚུར་རིའི་རི།།

རི་རིག་རྒྱུ་ཡོད་དེ་ཐུག་རྒྱུ་མེད།།

ལ་ཕར་རྒྱབ་ཆུ་དང་ཚུར་རྒྱབ་ཆུ།།

ཆུ་རིག་རྒྱུ་མེད་དེ་ཐུག་རྒྱུ་ཡོད།།

 

རོགས་བརྫོ་ལེ་མང་པོ་མེད་ན་ཡང་།

གཅིག་ཡོད་པ་ནམ་མཁའི་ལྷ་དང་འདྲ།།

ལྷ་འདྲ་ལེ་དད་པ་མེད་ན་ཡང་།

ཁོག་ཤེས་རྒྱ་ནམ་མཁའི་ལྷ་དང་འདྲ།།

 

ཤར་རྒྱ་གར་རྩ་མཆོག་ཟེར་མ་ལ།།

ལུག་གཡང་དཀར་ཤོག་དང་རྩ་ཟ་འགྲོ།།

རྩ་ཞིམ་པོ་མཉམ་བཟའ་མ་དུང་ཡང་།།

ཤར་རྒྱ་གར་ཡུལ་ལ་མཉམ་དུ་འགྲོ །།

 

ས་སྐྱིད་མ་རེད་སེམས་སྐྱིད་རེད།།

སེམས་སྐྱིད་ན་ས་ཆ་གང་ལ་སྐྱིད།།

 

ས་འདི་ཚོ་བསམས་ནས་མ་ཡོང་དེ།།

ཡོང་དགོས་ལེ་རྡོག་པའི་བུ་ལོན་རེད།།

རྐང་རྡོག་པའི་བུ་ལོན་མ་སོད་བར།།

ལམ་སྐྱ་མོ་དར་ལས་འཇམ་པར་ཤོག།

 

ས་འདི་ཚོ་སྐྱིད་དུ་དགའ་དུ་དེ།།

ཕོ་རང་ཡུལ་རང་ས་མི་དོ་འདུག།

 

 

 

 

 

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། མགུར་མོ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་སྐུ་ཚེའི་དར་བཤད།
  • གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།
  • འགུག་གླུ་རྣ་བའི་བདུད་རྩི།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།