English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

གྲོས་ཆོད་ཁག་ ༧ སྤྱི་མོས་སུ་བཞག་སྟེ་ཚོགས་འདུ་གྲོལ་བ།

འདོན་སྤེལ། 2016/11/12 6:44 PM རྩོམ་པ་པོ།

degeདེའང་འདི་ཟླའི་ཕྱི་ཚེས་ ༡༠ ནས་ ༡༢ བར་ཉིན་གསུམ་རིང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༣ པ་དང་། ཚོགས་ཆེན་ཐེངས་དང་པོ་དེ་བཞིན་རྒྱལ་ས་ལྡི་ལི་རུ་སྐོང་ཚོགས་ཞུས་ཏེ་དེ་རིང་རྒྱལ་ཁའི་ངང་ཚོགས་འདུ་གྲོལ་ཡོད་པ་རེད། ཚོགས་འདུ་དེར་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས། སྤྱི་འཐུས་ཀུན་དགའ་བསོད་སྟོབས་ལགས། དེ་བཞིན་དབུས་རྒྱུན་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་གཙོས་དབུས་རྒྱུན་ལས་རྣམ་པ་དང་། ཨ་རི། སུད་སི། སྦེལ་ཇམ། ཧྥི་རན་སི། བལ་ཡུལ། རྡ་ས། ལྡི་ལི། སྦིར། མཚོ་པདྨ། ལྡེ་ར་ལྡུན་གྱིས་མཚོན་པའི་ས་གནས་རྒྱུན་ལས་ཁག་དང་། ས་ཁང་ཚོགས་ཆུང་གི་ཚོགས་མི་དང་ཕུ་ནུ་གྲོས་རའི་རྒྱུན་ཟུར་དང་ས་གནས་འཐུས་ཟུར་རྣམ་པས་གཙོས་ཚོགས་ཞུགས་མི་སྣ་གྲངས་ ༥༠ ཙམ་འདུ་འཛོམས་བྱུང་ཡོད་པ་རེད། ཚོགས་ཐེངས་འདིར་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཕྱིར་ཞབས་རིམ་གསོག་སྒྲུབ་ཀྱིས་མཚོན་པའི་སྐུ་ཕྱྭའི་སྐོར་དང་། འདས་པའི་ལས་དོན་དང་རྩིས་ཁྲ་ཁག་ལ་ཞིབ་བཤེར་གནང་རྒྱུ། མང་ཚོགས་ཀྱི་བདེ་དོན་སྒྲུབ་སྟངས། དེ་བཞིན་སློབ་ཕྲུག་གྲངས་ ༨ ལ་ལོ་རེར་སློབ་ཡོན་དོད་ཧིན་སྒོར་ ༡༡༠༠༠ རེ་འབུལ་རྒྱུས་མཚོན་པའི་ཤེས་རིག་རྒྱུན་འཛིན་དང་དེར་སྐུལ་འདེད་གཏོང་ཐབས་སོགས་གྲོས་ཆོད་ཁག་ ༧ སྤྱི་མོས་སུ་གཏན་འབེབ་བཟོས་ཡོད་པ་རེད། དེ་བཞིན་ལས་རིམ་གཙོ་བོ་ཞིག་ནི་དབུས་འོས་བསྡུ་ཚོགས་ཆུང་སྐབས་དང་པོས་དབུས་རྒྱུན་སྐབས་གཉིས་པ་འོས་འདེམས་ཐོག་བསྐོ་བཞག་བྱས་ཡོད་པ་རེད།

ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན། ཚོགས་གཞོན་སྐུ་ངོ་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར། དྲུང་ཆེ་བླ་ཁྲི་ལྷག་པ་རྒྱལ་མཚན། རྩིས་པ་ཚེ་དབང་བསོད་ནམས། དངུལ་གཉེར་ཆོས་གྲགས། དཔལ་འབྱོར་འགན་འཛིན་བཀྲ་ཤིས། ཁྲོ་ལ་འཚེམ་ཁང་འགན་འཛིན་ཚེ་རིང་སྒྲོལ་མ་བཅས་སྤྱི་མོས་སུ་ཐག་གཅོད་བྱས་ཡོད་པ་རེད།

འོས་བསྡུ་ཚོགས་ཆུང་སྐབས་དང་པོ།
ཆོས་དབྱིངས་རྒྱལ་མཚན། གཡུ་རྒྱལ། བྱམས་པ།

ཟུར་དཔང་།
སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། སྤྱི་འཐུས་ཀུན་དགའ་བསོད་སྟོབས། ཕྱག་མཛོད་ཚུལ་ཁྲིམས་རྡོ་རྗེ།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སློབ་ཕྲུག་གྲངས་ ༨ ལ་ལོ་རེར་སྒོར་ ༡༡༠༠༠ རེའི་སློབ་དོད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།