English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

གོང་ས་མཆོག་ནོར་ཝེལ་དུ་ཕེབས་སྐབས་བཅར་འདྲི།

འདོན་སྤེལ། 2014/05/8 2:05 PM རྩོམ་པ་པོ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་བ།

༢༠༡༤ ཟླ་ ༥ ཚེས་ ༧ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་གནས་མགྲོན་ཁང་དུ་ལ་ཏི་ཝི་ཡ་དང་། ཨི་སི་ཊོ་ནི་ཡ། ཨུ་རུ་སུ། པོ་ལེན་ཌི། དེ་བཞིན་ནོར་ཝེ་ལ་སོགས་པའི་རྒྱལ་ཁབ་འདྲ་མིན་ཁག་ནས་ཕེབས་པའི་གསར་འགོད་པ་ཁྱོན་མི་གྲངས་ ༥༠ བརྒལ་བ་ལྷན་འཛོམས་ཀྱིས་གསར་འགོད་ལྷན་ཚོགས་གནང་འདུག

སྐབས་དེར་ནོར་ཝེ་ནས་ཡིན་པའི་གསར་འགོད་པ་ཞིག་གིས་མགོན་པོ་གང་ཉིད་མཆོག་ཕྱི་ཚེས་ ༧ ཉིན་ནོར་ཝེའི་རྒྱལ་ས་ཨོ་སོ་ལོའི་ནང་ཆིབས་སྒྱུར་དང་འབྲེལ་ནོར་ཝེ་དང་རྒྱ་ནག་གཉིས་དབར་གྱི་འབྲེལ་ལམ་ལ་གཞིགས་ཏེ་རྒྱལ་ཁབ་དེའི་འགོ་ཁྲིད་རྣམས་ནས་སྐུ་ཉིད་མཆོག་མཇལ་ཁ་ཞུ་རྒྱུ་མིན་པའི་གནད་དོན་ཐད་དགོངས་ཚུལ་གང་ཡོད་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན། འདི་ནི་འཆར་ཅན་གྱི་གནད་དོན་ཞིག་རེད། ངོས་རང་འཛམ་གླིང་ཡུལ་གྲུ་གཞན་ཁག་དང་ད་ཐེངས་ནོར་ཝེ་ཁུལ་དུ་ཡོང་དགོས་དོན་གཙོ་བོ་ནི་ཆབ་སྲིད་དང་འབྲེལ་བ་རྩ་བ་ནས་མེད། ངོས་ཀྱིས་དུས་རྟག་ཏུ་གཙོ་བོ་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་བྱེད་བཞིན་ཡོད། གྲོགས་པོ་རྙིང་པ་ཁག་གཅིག་ཐུག་འཕྲད་དང་ལྷག་པར་མི་མང་དཀྱུས་མ་རྣམས་ཐུག་འཕྲད་ཆེད་ཡོང་བཞིན་ཡོད། ཐེངས་འདིར་ངོས་རང་ནོར་ཝེའི་ནོ་བེལ་མཐུན་ཚོགས་ཀྱིས་འགྲོན་འབོད་གནང་བ་ཞིག་ཡིན། ངོས་རང་ས་གནས་གང་དུ་བསྐྱོད་ཀྱང་ས་གནས་དེའི་འགོ་ཁྲིད་རྣམས་ལ་ཕྱག་ལས་གནང་རྒྱུར་སྟབས་བདེ་མེད་པ་ཞིག་རྩ་བ་ནས་བཟོ་འདོད་མེད། ཅེས་བཀའ་ལན་སྩལ་བ་དང་ཆབས་ཅིག མགོན་པོ་གང་ཉིད་མཆོག་གི་མཛད་འགན་གཙོ་བོ་གསུམ་གྱི་སྐོར་འགྲེལ་བརྗོད་མཛད་པ་དང་འབྲེལ། འཛམ་གླིང་འདིའི་སྟེང་གི་མང་ཚོགས་རྣམས་ཆོས་དད་ཡོད་མེད་ལ་མ་ལྟོས་པར། མི་གཞན་གྱི་བདེ་དོན་ལ་བསམ་བློ་གཏོང་རྒྱུ་དེ་ནི་ཆོས་ལུགས་ཚང་མའི་ནང་གསུངས་པའི་བྱམས་པ་དང་བརྩེ་བའི་ཉམས་ལེན་ཞིག་ཆགས་ཀྱི་ཡོད། དེ་བཞིན་དེང་དུས་ཀྱི་ཤེས་ཡོན་དེ་ཕྱི་དངོས་པོར་བརྟེན་དྲགས་པར་བརྟེན་ནང་སེམས་ཀྱི་རིན་ཐང་སྐོར་སློབ་གསོ་མེད་ན་ནོར་འཁྲུལ་ཞིག་ཆགས་ཀྱི་ཡོད། ད་ལྟ་རྒྱ་གར་དང་ཨ་རི་གཙོ་བོར་གྱུར་བའི་ཤེས་ཡོན་ཅན་དང་ཚན་རིག་པ་རྣམས་ཀྱིས་དེང་དུས་ཀྱི་སློབ་གསོའི་ནང་ཆོས་དང་མ་འབྲེལ་བའི་ཡ་རབས་བཟང་སྤྱོད་སྐོར་གྱི་སློབ་གསོ་འགོ་འཛུགས་བྱེད་རྒྱུའི་བཀའ་བསྡུར་གནང་བཞིན་ཡོད་སྐོར་བཀའ་སློབ་སྩལ་ཡོད།

དེ་བཞིན་གསར་འགོད་པ་གཞན་ཞིག་གི་དེང་སྐབས་ཡུ་ཀེ་རིན་ནང་གི་དཀའ་རྙོག་དང་འབྲེལ་བའི་དྲི་བར་བཀའ་ལན་སྩལ་སྐབས་༸གོང་ས་མཆོག་གིས་དེ་སྔ་ཨ་རིས་ཨི་རཀ་ནང་དམག་བརྒྱབ་པ་ལུང་འདྲེན་དང་འབྲེལ། རྩ་བའི་ཨི་རཀ་ནང་དམངས་གཙོ་དང་རང་དབང་བསྐྲུན་རྒྱུར་ཨ་རི་གཞུང་གི་ཀུན་སློང་དེ་འགྲིག་གི་ཡོད་ཀྱང་དྲག་སྤྱོད་ལ་བརྟེན་པའི་ཐབས་ལམ་དེ་ནོར་འཁྲུལ་ཡིན། མེ་མདའི་སྟོབས་ཤུགས་བརྒྱུད་ནས་འཕྲལ་སེལ་གྱི་དཀའ་ངལ་སེལ་ཐུབ་ཀྱང་ཕུགས་རྒྱང་རིང་པོར་ཞེད་སྣང་དང་ཁོང་ཁྲོ། ཞེ་སྡང་གི་བློ་བཅས་ཇེ་མང་དུ་འགྲོ་རྒྱུ་ཡིན། བདེན་པ་དང་བྱམས་བརྩེའི་སྟོབས་ཤུགས་ཀྱིས་ཞི་བདེ་བསྐྲུན་ཐུབ་ཀྱི་ཡོད་སྐོར་བཀའ་སྩལ་ཡོད། དེ་རྗེས་༸གོང་ས་མཆོག་ཀིབ་ས་ལ་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་དད་ལྡན་མང་ཚོགས་རྣམས་ལ་ཤེས་རབ་སྙིང་པོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་མུ་མཐུད་སྩལ་ཡོད།

གཞན་ཡང་ཕྱི་ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཏི་ཝི་ཡའི་རྒྱལ་ས་རི་གྷའི་ནང་ཉིན་དང་པོའི་ཆོས་འབྲེལ་གྲུབ་མཚམས། ཨུ་རུ་སུ་གྲོས་ཚོགས་འོག་མའི་འཐུས་མི་ཁག་གཅིག་དང་ལྷན་མཇལ་འཕྲད་མཛད་དེ་གྲོས་ཚོགས་འཐུས་མི་རྣམས་ལ་ད་བར་བོད་དོན་ཐོག་ལྷག་བསམ་ཟོལ་མེད་ཀྱི་ཕྱག་རོགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ལམ་སྟོན་བཀའ་སློབ་སྩལ་ཡོད་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ཀྱི་དྲི་བར་བཀའ་ལན་ཡང་སྩལ་ཡོད། ཡོང་ཁུངས། བོད་གཞུང་དྲ་བ།

One Response

  1. བྱང་ཐང་ཕོ་ཉ། says:
    June 16, 2014 at 4:44 pm

    བཀའ་དྲིན་ཆེ།

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེ་དཔལ་ཡུལ་ནས་བོད་མི་གཏེར་ཁ་སྲུང་སྐྱོབ་པ་འཇུ་བཟུང་།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་བ་དཀོན་མཆོག་བཀྲིས་ལ་བོད་ཀྱི་རྟ་སྒའི་སྐོར་བཅར་འདྲི།
  • པར་ཤིང་གི་སྐོར་ནས་མཁས་དབང་ཐུབ་བསྟན་ཕུན་ཚོགས་ལ་བཅར་འདྲི།
  • བོད་ཀྱི་ལྷ་རྗེ་སྐུ་བགྲེས་རྣམས་ལ་བཀའ་འདྲི་འགའ་ཞིག
  • འབོ་གངས་དཀར་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ།
  • སྡེ་རོང་ཚེ་རིང་དོན་གྲུབ་ལགས་ལ་མི་ཉག་སྐོར་གྱི་བཅར་འདྲི།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།