English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

གསེར་རྡོ་ཚང་རྡོ་རྗེ་དབང་དྲག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟཊ་ཕུལ།

འདོན་སྤེལ། 2019/02/23 12:12 PM རྩོམ་པ་པོ།

དེ་རིང་ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོར། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་ལས་ཁུངས་སུ་གསེར་རྡོ་ཚང་རྡོ་རྗེ་དབང་དྲག་ལགས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད་པ་རེད།

dege dojeeདེའང་ ༢༠༡༩ ཕྱི་ཟླ་ ༢ ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་ལས་ཁུངས་སུ། ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་དང་། སྡེ་དགེ་ས་ཁང་ཚོགས་ཆུང་གི་ཚོགས་མི་འཛི་སྒར་མཁན་པོ་བསོད་ནམས་བཀྲ་ཤིས་ལགས་རྣམ་པ་གཉིས་ཀྱིས་དབུས། དབུས་རྒྱུན་ལས་དང་རྒྱུན་ཟུར་ཁག་ཅིག་ལྷན་འཛོམས་ཐོག ཕྱི་ལོ་ ༢༠༡༨ ལོའི་ཕྱི་ཟླ་ ༡༡ པའི་ནང་། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འགན་ལྷན་ཐེངས་ ༤ པའི་ཚོགས་ཐོག་ནས་སྡེ་དགེའི་གསོལ་མགྲོན་ཁང་གསར་རྒྱག་སྐབས། ཞལ་འདེབས་རྒྱ་ཆེན་གནང་མཁན་གྱི་སྦྱིན་བདག་རྣམ་པ་དང་། སྐྱེད་མེད་བུན་གཡར་ཕོན་ཆེན་གནང་མཁན་བཅས་གཏོང་ཕོད་ཡངས་པའི་མི་སྣ་ཁག་ཅིག་ལ་༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་༽རེ་འབུལ་ལམ་ཞུས་ཡོད་པ་ལས། གསེར་རྡོ་ཚང་རྡོ་རྗེ་དབང་དྲག་ལགས་སྐབས་དེར་དངོས་སུ་བཅར་ཐུབ་མེད་སྟབས། དེ་རིང་དབུས་ལས་ཁུངས་སུ་དམིགས་བསལ་གདན་ཞུས་ཀྱིས་གཟེངས་རྟགས་དེ་དངོས་སུ་འབུལ་ལམ་ཞུས་ཡོད་པ་རེད། གཏོང་ཕོད་ཡངས་པ་ཁོང་གིས་གསོལ་མགྲོན་ཁང་གསར་རྒྱག་སྐབས་ཧིན་སྒོར་ ༦༨༠༠༠༠ ཐམ་པ་ཞལ་འདེབས་གནང་པ་དང་། འབུམ་ ༥ ཐམ་པ་སྐྱེད་མེད་བུན་གཡར་གནང་པ་ཙམ་དུ་མ་ཟད། ད་བར་ཚོགས་པའི་ལས་དོན་གང་ཐད་ལ་རྒྱབ་སྐྱོར་དང་མཐུན་འགྱུར་རྒྱ་ཆེན་གནང་ཡོད་པ་རེད།

བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་ས་གཞན་ནི།

མཆོག་སྤྲུལ་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེ།
རི་ཕུག་ཚང་དཀོན་མཆོག་བསྟན་འཛིན་ལགས།
འཛི་སྒར་མཁན་པོ་བསོད་ནམས་བཀྲ་ཤིས་མཆོག
dege tola hotel
(སྡེ་དགེ་ཁྲོ་ལ་གསོལ་མགྲོན་ཁང་ནི། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ནས་ ༢༠༡༥ ལོར་གསར་རྒྱག་ཐོག་ ༢༠༡༧ ལོར་སྒོ་འབྱེད་བྱས་ཤིང་། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད། འདི་ལ་ཐོག་བརྩེགས་ ༧ ཡོད། ཁྲུས་ཁང་གསང་སྤྱོད་རང་འགྲིག་ཅན་གྱི་ཉལ་ཁང་ཁང་མིག་ ༢༠། གློག་སྐས་དང་། ཟ་ཁང་ ༡ བཅས་ཡོད། སྟེང་ཐོག་ཏུ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ལས་ཁུངས་ལྟེ་བ་དང་། འོག་ཁང་དུ་སྤྲིན་དཀར་བོད་ཀྱི་ལག་ཤེས་བཟོ་ཚོང་ཁང་བཅས་ཡོད།)

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བཀྲ་ཤིས་ལྷ་དར་ལ་ལག་ཤེས་སྒྱུ་རྩལ་གྱི་གཟེངས་རྟཊ་ཐོབ་པར་འཚམས་འདྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།