English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

གཏམ་དཔེ་སྣ་ཚོགས།

འདོན་སྤེལ། 2013/01/23 7:28 AM རྩོམ་པ་པོ།

གཏམ་དཔེ་ནི་སྤྱི་ཚོགས་ཚང་མའི་འཚོ་བ་དངོས་མ་དེ་མཚོན་བྱེད་ཀྱི་གདམས་ངག་ལྟ་བུའི་ཚིག་ཉུང་ལ་དོན་བསྡུས་པ་ཅན་ཞིག་ཡིན་ལ།ཕལ་མོ་ཆེ་ནི་གནའ་བོའི་ཕ་མེས་ཚོའི་ངག་རྒྱུན་ནས་བརྒྱུད་པ་ཞིག་ཡིན།དེ་བཞིན་བོད་མི་རིགས་ཀྱི་གཏམ་དཔེ་ལ་མཚོན་ནའང་བོད་མི་རང་གི་འཚོ་བ་དང་སེམས་ཁམས།གནད་དོན་དང་གླེང་བྱ་གང་དེ་གཞན་དག་ལ་ཐབས་མཁས་པོའི་ཐོག་ནས་བརྡ་སྤྲོད་པ་བྱེད་པའི་གནད་ཚིག་སྟབས་བདེ་ཅན་ཞིག་ཡིན་ལ།བསླབ་བྱ་དང་ཟུར་ཟ་སོགས་གོ་བར་བྱེད་པའི་ཚིག་ནུས་ལྡན་ཞིག་ཀྱང་ཡིན།དེ་བཞིན་བོད་མི་རིགས་ཀྱི་ཐུན་མིན་པའི་རིག་གཞུང་དང་།སྲོལ་རྒྱུན་གྱི་ཆ་ལག་གལ་ཆེན་ཞིག་ཀྱང་གྱུར་ཡོད།བོད་ཀྱི་གཏམ་དཔེ་ཕལ་མོ་ཆེའང་གདོད་མའི་དུས་རབས་ནས་བརྒྱུད་པའི་གདམས་ངག་གི་ཡང་ཞུམ་ལྟ་བུ་ཡིན་ལ།དུས་ཕྱིས་སུ་མཁས་པ་དང་ཤེས་ཡོན་པས་རྩོམ་བཞག་པ་དེ་འདྲའང་ཡོད།ད་ཐེངས་འདིར་སྡེ་དགེའི་ཡུལ་ཁམས་སུ་སྤྱོད་སྲོལ་ཆེ་བའི་གཏམ་དཔེ་འགའ་ཕྱོགས་བསྡུས་སུ་འགོད་རྒྱུ་ཡིན།

གཏམ་དཔེ།

 

ཀ་རྡོ་བཞིན་དུ་བརྟན་དགོས།།ཀ་བ་བཞིན་དུ་དྲང་དགོས།།

དཀར་ནག་གི་དབྱེ་བ་འབྱེད་དགོས།།ཐག་ནག་གི་མདུད་པ་འགྲོལ་དགོས།།

དཀར་པོ་བཏབ་སར་དཀར་པོ་ཡོང་།།ནག་པོ་བཏབ་སར་ནག་པོ་ཡོང་།།

བཀའ་ཡོ་བསྲང་ཐིག་ཤིང་བསྲང་འདྲ།།ལས་བདེན་རྫུན་སྨྱུག་མ་གས་འདྲ།།

སྐྱ་རེངས་ནམ་མཁའི་སྒོ་འབྱེད་ལ།།སྤར་མོས་ཁེབས་པ་ལར་ནས་མེད།།

དཀའ་བའི་ལས་ཤིག་མ་ལས་ན།།སླ་བའི་ཟས་ཤིག་རག་མི་ཐུབ།།

དཀར་ཡོལ་བཅག་ན་བཙེམ་ཚུལ་ཡོད།།སྒོང་ང་བཅག་ན་སྦྱོར་ཚུལ་མེད།།

རྐུན་མར་དཔའ་དར་མ་སྟེར།།སྤྱང་ཁུ་ཚེ་དར་མ་སྟེར།།

སྐད་ཆ་ཁ་ནས་ཐོགས་ནི་མེད།།ཡིག་ཁྱེར་བཙོན་ལ་བཟུང་ནི་མེད།།

སྐམ་པོ་རྡབས་ལོག་བྱེད་ན་ཆག་འགྲོ།།རློན་པ་གཅུས་ལོག་བྱས་ན་ཆད་འགྲོ།

སྐྱེ་ཡག་བུ་མོའི་ཚེ་རོགས་དེ།།བསམ་མི་མང་ཡང་བློ་མི་དཀོན།།

སྐྱིད་འོད་འཁོར་བའི་སོ་ནམ་དེ།།སྒྲུབ་མི་མང་ཡང་ཐོབ་མི་དཀོན།།

སྐམ་པོ་ཤིང་དང་དམར་པོ་མེ།།སྔོན་མོ་ཆུ་དང་རྣམ་གསུམ་པོས།།

སྐྱེས་པ་ཕོ་ལ་ལྟིག་གཅིག་དགོས། སྟོད་རུམ་ནང་ལ་རྡོ་ཞིག་དགོས།

སྐྱིད་ན་ནམ་མཁའི་བྱ་ཡང་འཁོར།།སྡུག་ན་རང་གི་བུ་ཡང་འབྲོ།།

ཁ་རྗེས་ལག་པས་མི་གཙེབས།།གནམ་མཐའ་སྤྲིན་གྱིས་མི་ཁེབས།།

ཁས་ལེན་རང་གིས་བྱས་པ་དེ།།སངས་རྒྱས་ཡིན་ཀྱང་འབྲོ་ཐབས་མེད།།

ཁོག་པ་གཤགས་རུང་དུང་དཀར།།ཁྲག་རྩ་བཅད་རུང་འོ་མ།།

འཁོར་མེད་ཉི་མ་སྤྲིན་བྲལ།།སྡང་མེད་དགྲ་བོ་སྤུན་འདྲ།།

ཁྱི་ཉལ་མའི་མགོར་རྡོ་བརྒྱབ།།མི་ཉམ་ཆུང་མགོར་གྱོད་བཞག།

ཁྱོད་རྒྱ་རྫོང་ནག་གི་ཤིང་དྲང་ན།།ང་ཤིང་བཟོ་རྒན་པོའི་ཐིག་ལོས་དྲང་།།

གྲུང་ཆེ་ན་སྤོས་ཤེལ་ཐལ་བ་འགམས། །གསལ་ཆེ་ན་ཆུ་ནང་ཉ་མོ་རིག།

མགོ་གསེར་གྱིས་བརྡུང་དང་རྡོ་ཡིས་བརྡུང་།།བྱིན་རླབས་མེད་པར་འདྲ་འདྲ་ཡིན།།

གྲོས་ལ་མི་ལ་དྲིས།།ཐག་རང་གིས་ཆོད། །

རྒྱུགས་ར་བྲག་ལ་བརྟེན་ན། །རྟ་ལས་ར་མགྱོགས།།

འགྲོ་རྒྱུ་མང་ན་བྱུ་དང་འཕྲད།།

གཅིག་གནོད་གཅིག་ལ་སྐྱལ་བ་དེ།།དག་གཤེད་སྲིད་པའི་བསྐོས་ཐང་རེད།།

ཆུ་ལ་དབྱུག་པ་བཞུས་ན། །ཉ་ལ་ཡང་ལྗིད་མི་འདུག །

ཉིན་བསམ་རྒྱ་ཡི་དཀྱིལ་འཁོར།།མཚན་བསམ་བྲང་ཐོག་ལག་བཞག །

གཏམ་ཁ་ཡིས་ཤོར་ན་བཟུང་རྒྱུ་མེད།།རྟ་ལག་པས་ཤོར་ན་རྐང་པས་བཟུང་།།

སྟག་པགས་སྲིན་བུས་བཙབས་ཀྱང་། །དགུ་མཚན་བཅུའི་གྲལ་འགོ།

བདེན་པ་གཡུ་ཡི་རལ་པ། །གནམ་ལྕགས་ཐོག་གིས་གཏོར། །མི་བདེན་དུག་གི་སྡོང་པོ། །བཟང་དྲུག་སྨན་གྱིས་བཅོས།

སྡེ་བན་དེས་དཀྲུགས། །གྱོད་ནག་མོས་བཟོས། །

འདོ་བ་རྟ་ལ་རྒྱུག་རྒྱུ་ཡོད་ན། །ཨ་ཆེན་ཐང་ལ་རྫོགས་རྒྱུ་མེད།

ཕ་བསད་ནས་མི་ཆོག་རི་འགོར་དམག་གིས་གང་། །འབྲོང་བསད་ནས་མི་ཆོག་རྔ་མས་དར་ཅོག་བཙུགས།།

ཕ་དྲིན་ཆེན་ལག་པ་རྡོ་ཡིས་བརྡུང་། །འབྲོང་རྟ་གསོད་རྭ་ཅོ་མར་གྱིས་རྒྱན། །

ཕོ་བརྒྱའི་གྲལ་མགོར་མ་སླེབས་ཀྱང་། །ཕོ་བཅུའི་གྲལ་མཐར་མ་ལུས་ཙམ་ཡོད།།

ཕུ་འཆུག་རྒྱ་གར་ཡུལ་ནས་འཆུག །མདའ་འཆུག་བོད་ཀྱི་ཡུལ་ནས་འཆུག །

ཕོ་ལོ་བཅོ་ལྔས་ཕ་ལ་བློ་མ་དྲིས། །མོ་ལོ་བཅོ་ལྔས་མ་ལ་ཟས་མ་སློང། །

བུ་མར་རྡོ་གཉིས་ལ་ཚུགས་མི་དགོས།།

བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད།།བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད།།

བློ་ཨེ་རེད་མཛར་བ་ཟ་ཟ། གྲོས་ཨེ་རེད་སྐུད་ཐག་བཀུག་བཀུག

བློ་རྩེ་གཉིས་ཀྱིས་འདོད་དོན་འགྲུབ་ལེ་མིན།།ཁབ་རྩེ་གཉིས་ཀྱིས་འཚེམ་བུ་ཡོང་ས་མེད།།

མི་ཆག་གསེར་གྱི་ཕར་བང་དེ།།ཁྱིམ་དུ་མེད་ན་རྒྱུ་མིན།།

མི་སུམ་ཅུར་བསམ་བློ་སུམ་ཅུ་དང། །མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ།

མི་གཤིས་ངན་པ་བསྒྱུར་རྒྱུ་མེད།།གོར་མོ་རྡོ་ལ་སྦང་རྒྱུ་མེད།།

མི་ཉམ་ཆུང་སྟེང་ལ་མཉམ་སྡང་།།གད་དམའ་བོའི་སྟེང་ལ་ཆུ་འབབ།།

མི་ངན་གཡོ་ཆེ་ན་སྐྱག་པ་ཁྱིམ་ལ་གཏོང་།།ཁྱི་ངན་འདྲིས་ཆེ་ན་བདག་པོའི་འགྲམ་རྩ་ལྡག།

མི་ངན་ཁ་ནས་གཏམ་ངན།།བ་གླང་རྐུབ་ནས་རྙང་པ།།

མི་ངན་སེམས་རྩ་དཀར་རྒྱུ་མེད།།ཡུལ་ངན་གནམ་ངོ་དྭངས་རྒྱུ་མེད།།

མི་ལ་རྟོག་དཔྱོད་མེད་ན་ཁྱི་རྒན་ཡིན།།རྟ་ལ་གོམ་འགྲོས་མེད་ན་བོང་བུ་ཡིན།།

མི་ཆེན་བསམ་རྒྱུ་རང་ཆུས།།མི་ངན་བསམ་རྒྱུ་རང་ཕོར།།

མི་མང་ཁ་དེ་ཐན།།མི་མང་ལག་དེ་གསེར།།

མི་རེ་རེའི་སེམས་ན་ཕུགས་བསམ་རེ་ཡོད་དགོས།།ཞིང་ཆུ་མ་རེ་ན་རྐ་རེ་ཡོད་དགོས།།

སྨྱོ་རིགས་མེད་ན་མིག་རྩ་དམར་དགོས།འཇའ་རིགས་མེད་ན་མགོ་བོ་ཆེ་དགོས།

སྨན་བཟང་དྲུག་མི་ཁ་ཆེ་བ་ལས།།རྡོ་རྡུ་པོས་ནད་སྲོག་པར་དགའ།།

མཚོ་སྔོན་མཐོ་པོའི་རི་ལ།།ཅི་ཡོད་བསུས་རྒྱུ་ལར་ནས་མེད།།

ཟ་རྒྱུ་ཁབ་ཙམ་མེད་པར།།ཟེར་རྒྱུ་རི་ཙམ།།

རང་ཤ་བཅད་ཁྱི་སྔོན་འཕེན།།

ལོ་གཅིག་སྟོན་ཐོག་ཉེས་ཀྱང་ཉེས་པ་མིན།།གཏན་གྱི་འདུན་མ་ཉེས་ན་ཉེས་པ་ཡིན།།

ཤ་ཚ་བའི་གཏམ་ལ་སྙན་པོ་མེད།།ནད་མཁྲིས་པའི་སྨན་ལ་མངར་མོ་མེད།།

ཤར་རི་མཐོ་ན་ནུབ་རིའི་རྒྱན། ནུབ་རི་མཐོ་ན་ཤར་རིའི་རྒྱན། །རི་གཉིས་ཀ་མཐོ་ན་ལུང་པའི་རྒྱན།

སུམ་ཅུའི་གྲལ་མགོར་མ་སླེབས་ཀྱང་། བཅོ་ལྔའི་རང་ཁྲལ་འཇལ་ཐུབ།

ཨ་རོགས་མདའ་འདྲ་བྱས་ན་མདའ་འདྲ།།ཨ་རོགས་གཞུ་འདྲ་བྱས་ན་གཞུ་འདྲ།།

ཆོས་ཀྱིས་སངས་མ་རྒྱས།དྲིལ་བུས་སྙིང་རླུང་སློང་།
ངོ་ཤེས་པ་ལས་ཡག་པ་མེད།རྒྱུས་ཡོད་པ་ལས་སྡུག་པ་མེད།
ངན་པ་དཔོན་ལ་གྱུར་ན།རང་གི་སྡེ་ལ་སྡང་།
རྒྱ་གར་ཨ་ཙ་ར་ཡི་རོ་གོས་དེ།བོད་བསྟན་པ་དར་བའི་དར་ལྕོག་བྱེད།
མགོ་རིལ་རིལ་ཡོད་ཚད་དགེ་འདུན།གོས་སེར་སེར་གྱོན་ཚད་བླ་མ།
གྲོགས་པོས་བསླུ་དུས་དགོད་བཞིན་བསླུ།ཁྲམ་པས་བསླུ་དུས་ངུ་བཞིན་བསླུ།
མཁས་པ་མི་གཙོ།རྒྱུས་ཡོད་གཙོ།
ཁྱིམ་མཚེས་ཞེ་སྡང་མེད་ན།གྲོང་པ་ཡར་རྒྱས་མེད།
བཀའ་དྲིན་བསམ་ཤེས་མེད་པར།དྲིན་ལན་ལོག་འཇལ།
སྤྱང་ཀི་རྒས་ནས་མཐོལ་ལོ་བཤགས།
སྤྱང་ཀི་མ་ལྟོགས་ཙམ་དང་ལུ་གུ་མ་ཤི་ཙམ།
སྣམ་བུ་དཀར་པོའི་ཚོས་མདོག་གང་ལ་སྒྱུར་སྒྱུར།
བུ་མ་སྨྱོ་ཙམ་དང་མུ་མོ་མ་ལྐུགས་ཙམ་དགོས།
ཚིག་གསུམ་དར་གྱི་མདུད་པ།མི་འགྱུར་རྡོ་ཐོག་ཡི་གེ།
འབུ་རྭ་ཅོ་ཅན་ལ་འབྲོང་མི་ཟེར།སྦྲང་མ་ཐིག་རིས་ཅན་ལ་སྟག་མི་ཟེར།
ཁ་སྟོང་ནང་གི་ཚིག་སྟོང་།ལག་སྟོང་ནང་གི་ཕྱག་རྒྱ།
ཧོར་ཆེན་རྒྱལ་པོའི་མངའ་འོག ཧོར་ཞྭ་མི་གྱོན་ཀ་མེད།
ལས་ངན་པའི་སྡིག་པ་མ་བསགས་ན།སྐྲག་མི་དགོས་གཤིན་རྗེ་ཆོས་རྒྱལ་ཡིན།
ཡོད་ལ་མེད་པའི་རྟ་ཕོ་ལས།བློ་ཐག་ཆོད་པའི་རྐང་ཐང་མགྱོགས།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། གླིང་བྲོ་བདེ་ཆེན་རོལ་མོའི་ཕན་ཡོན་དང་སྟངས་སྟབས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།