English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཁེད།(གབ་ཚིགས)

འདོན་སྤེལ། 2013/01/23 6:36 AM རྩོམ་པ་པོ།

དཀར་ཡོལ་བྲག་ལ་བརྒྱབ་ན་ཆག་རྒྱུ་མེད། (ཕུག་རོན་བྲག་ཏུ་འབབ་པ།)

རྐང་པས་ཁ་ཟས་ཟ།།ལུས་པོས་སེམས་ཅན་གསོ།(རྩྭ་རྩི་ཤིང་།)

དཀར་གསལ་ཟླ་བ་ཚེས་འདྲ། (གདོང་།)

མཁའ་ལ་ཉི་མ་ཤར་འདྲ། (ཐོད་པ།)

ཁྱི་མོ་དམར་མོ་ཚང་ལ་ཉལ།།ལུག་གཡང་དཀར་སུམ་ཅུ་དེ་ལ་འཁོར། (ལྕེ་དང་སོ།)

འགུགས་མཁས་པས་སྒ་རུ་བཀུག་འདྲ། (མ་ནེ།)

རྒོད་མ་དམར་ཁོ་མ།།རྟེའུ་སྡུག་ནག་རིལ་མ།།སྲབ་མདའ་གཅུས་རིང་མ། །(གློ་བ།སྙིང།ཨོལ་བ།)

བརྒྱ་ལུག་རྡང་ལ་བསྟར་འདྲ། (སོ།)

ཆུང་བ་ང་ལས་ཆུང་བ་མེད།།མང་བ་ང་ལས་མང་བ་མེད།།དྲིན་ཕ་མ་ཡིན་ཡང་ང་ལ་བརྟེན།(རྩྭ་སྔོན།)

ཉིན་ཤི་མཚན་ལངས་མ། (སྐེ་གདངས)

སྟོང་གསུམ་སྡེ་བ་མར་ཉལ་དུས།།ཨ་ཤགས་སྤུན་གཉིས་ཡར་ལངས།།(དོན) ཟོག་རྣམས་ཉལ་རྗེས་རྭ་ཅོ་གནམ་ལ་སློང་བའི་དོན།།ཐུག་ཐུག་ཟེར་ན་མི་ཐུག།མི་ཐུག་ཟེར་ན་ཐུག་པ། (ཡ་མཆུ་དང་མ་མཆུ།)

ཐུག་ཐུག་ལབ་དུས་མི་ཐུག་པར།།མི་ཐུག་མི་ཐུག་ལབ་དུས་ཐུག་པ།།(མཆུ་འགུལ་བ)

སྡིག་སྲིན་རིལ་མ་ས་ལ་འཕངས།།གཡུ་ལོ་རལ་བ་གནམ་ལ་འཕྱུར།(སྔོ་ཚོད།

དུང་དཀར་པོའི་ལྟེ་བ་མཐོ་གང་ས་ལ་ཟུག།གཡུ་སྔོན་པོའི་རལ་བ་ཁྲུ་གང་གནམ་ལ་གཟེངས།(ཡུང་མ།)

དང་པོ་མཛོ་ཕོའི་རྭ་འདྲ།།བར་དུ་དཀྱིལ་འཁོར་ཐིག་འདྲ།།མཐར་མར་རྐུན་མས་བརྐུས་འདྲ།།(ཟླ་བ།

དོམ་ནག་པོ་ཐོད་ན་ཉལ་འདྲ། (སྨིན་མ།)

མདུད་མཁས་པས་རྒྱ་མདུད་བརྒྱབ་འདྲ། (ཨོལ་མདུད།)

མནན་ན་མཐེབ་གང་།།མངགས་ན་རི་གང་། (མིག)

ཕྱི་དམར་དམར་བླ་མའི་ན་བཟའི་མདོག།ནང་དཀར་དཀར་དུང་གི་རང་བཞིན་ཅན།

ཕྱི་དཀར་པོ་གུར་ཆུང་ཕུབ་འདྲ།།ནང་དམར་སྨུག་པོ་ཏི་བརྩེགས་འདྲ།(ཤ་མོང་།)

ཕ་ཉམ་ཆུང་ཤིག་ལྟ་བུ།།བུ་རྒོད་པོ་སྟག་འདྲ་འདྲ།(ལ་ཕུག)

ཕྱེ་ཁུག་དམར་པོའི་རྩམ་པ་ལ།།ལ་ལ་དགའ་ལ་ལ་ལ་སྐྲག །(སིར་པན།)

བན་དེ་བཅུ་ཡིས་མེ་ལ་བསྲོ།།གའུ་བཅུ་དེ་རྒྱབ་ལ་འཕངས། མཛུབ་མོ་བཅུ།

སྦ་སྨྱུག་ཚིགས་གསུམ་རྩེ་མོ་ནས།།གསེར་སེར་པོའི་བྱིའུ་ཆུང་འཕུར་མ་ལྡིང་།(སྙེ་མ།)

མི་རྒན་གཡུ་ཡི་རལ་བ་ཅན།།ལུས་རྒས་ཀྱང་ཙན་དན་དྲི་མ་ཅན།(ཤུག་སྡོང་།)

བཙལ་པས་མ་རྙེད་ཕྱི་ཉིན་ཞོགས་པར་སླེབས།(ཉི་མ།)

གཙང་རྒྱས་ཆབ་ལ་ཡོད།།དམའ་བའི་མཚོ་ལའང་ཡོད།།ཕྱུག་པོའི་ཁྱིམ་ལའང་ཡོད།།སྤྲང་པོའི་སྣོད་ལའང་ཡོད།།(ཆུ།)

རྩིག་མཁས་པས་པོ་ཏི་བརྩེགས་འདྲ། (ཡ་མཆུ།)

རྩ་ཆུང་རུང་ཟས་ཀྱི་གཡང་ཕུད་ཡིན།(གྲོ་མ།)

བཞོན་ཕོད་དེ་ཐུག་མི་ཕོད།།(སྐྱག་པ།)

གཞི་སྒམ་མི་སྒམ་སྒམ་འདྲ།།རྔ་མ་སྔོན་པོ་གཡུ་འདྲ།།(ཐབ་ཀ)

གཟུགས་མེད་བུ་མོ་སྔོ་འབེལ་མ།།སོང་ན་རི་ལུང་འུར་གྱིས་གང་།།(རླུང་།)

ཟོ་དཀར་ནང་གི་ཟས་ཞིམ། (རྐང་མར།)

ཟངས་མའི་སྦུ་གུ་ཉིས་གཤིབ། (སྣ།)

ཟོས་ན་རྩིག་གཞི་ཧྲིག་ཧྲིག །མ་བཟས་རྩིག་གཞི་ཧྲིག་ཧྲིག །(སེལ་པོ།)

ཡུང་མ་ཐང་ཆེན་ཐང་ལ་བརྡལ།།མཚན་མོར་མཐོང་ཞིང་ཉིན་མོར་ཡལ།(སྐར)

གཡག་ཨ་ཡུ་གཅིག་ལ་སྣ་ཐག་བརྒྱ།།(སྦྲ་ནག)

རི་ཐང་མེད་པར་བཀབ་ན་ཡང་།།བལ་ཁ་ཆུ་ཉིལ་ལེ་གནམ་ནས་ལྷུང་།།མ་བཞག་ཕྱིང་དཀར་ས་གཞི་བཀབ།།(ཁ་བ།)

ལག་མེད་མ་ཡིས་དོང་རྐོ།།(ཆུ་ཐིགས།)

ལ་མཐོན་པོའི་སོ་བ་ཉིས་བསྒྲིགས། (རྣ་བ།)

ཤིང་གོག་གཅིག་ལ་འབུ་ཁུང་བདུན། (མགོ)

ཤིང་ཨ་གར་སྒྲོན་ཤིང་སྡོང་པོ་ལ།།ཡར་ལ་གྱེས་པའི་ཡལ་ག་ལྔ།།ཡལ་ག་ལྔ་ལ་མེ་ཏོག་ལྔ། (ལག་པ།)

སྲིབ་སུ་རུ་རོག་པོའི་རོག་རྫོང་ན།།གོ་བོ་ཞིག་གིས་ཉི་འདེ་བྱས།།(མེ་ཏོག་དང་སྤོས་ཤེལ་མགོ་ལ་འདོགས་པ།།)

སྲབ་མེད་མཐུར་མེད་རྟ་སེར་གསེར་སྒ་ཅན།།འཚོ་རྫི་མ་ཐུབ་ནུབ་ཀྱི་རི་ལ་སོང་།

སྲིད་པའི་དྲེལ་རྒན་སྔོ་ཡུ་ལ།།དར་ཚོན་སྣ་ལྔས་ཚེ་སྐུད་བཏགས།(འཇའ།)

 

 

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། གཏམ་དཔེ་སྣ་ཚོགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།