English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཁམས་སྡེ་དགེའི་བྱུང་ཚུལ་བརྗོད་པ། འགྱུར་མེད། བོད་འབྱོར།

འདོན་སྤེལ། 2016/01/20 5:52 AM རྩོམ་པ་པོ།

ཁམས་སྡེ་དགེའི་བྱུང་ཚུལ་ཉུང་ཙམ་བརྗོད་པ་གཡུལ་ལས་རྒྱལ་བའི་རྔ་སྒྲ།
རྩོམ་པ་པོ། རྩྭ་ཤུལ་འགྱུར་མེད་བསྟན་འཛིན་གྱིས། ༼བོད་འབྱོར།༽

སྔོན་བྱོན་དམ་པའི་མཛད་རྗེས་བླ་ན་འཕགས།།

དེང་དུས་ཡ་རབས་སྲོལ་བཟང་མང་དུ་གནས།།

ས་འདིར་ཤིས་པ་བརྗོད་པའི་ངོ་མཚར་གཏམ།།

སྡེ་དགེའི་སྔ་ཕྱིའི་དགེ་མཚན་འདི་ན་གླེང་།།

 

ཀཿཐོག་དཔལ་ཡུལ་ཞེ་ཆེན་རྫོགས་ཆེན་དང་།།

དཔལ་སྤུངས་ཆོས་སྡེ་དབུ་བླ་ཁག་ལྔ་དང་།།

རྙིང་དགོན་བརྒྱད་ཅུ་ས་དགོན་དྲུག་ཅུ་སོགས།།

ཆོས་སྡེ་རྣམས་ལ་དགའ་དད་དྭངས་བ་བརྩེགས།།

 

བཀའ་དགོན་བཞི་བཅུ་གསར་དགོན་སུམ་ཅུ་དང་།།

བོན་དགོན་ཉི་ཤུ་ཇོ་དགོན་བཅུ་ཕྲག་སོགས།།

རིས་མེད་གྲུབ་མཐའ་ཡོངས་ཀྱི་ལྟེ་གནས་ཆེ།།

སྡེ་དགེའི་ཡུལ་ལུང་གངས་ལྗོངས་ཁ་བའི་རྒྱན།།

 

ཆོས་རྒྱལ་རིམ་བྱོན་གསེར་གྱི་ཕྲེང་བ་ལས།།

ཡོངས་ཀྱི་རྗེ་བོ་བསྟན་པ་ཚེ་རིང་གིས།།

རླབས་ཆེན་མཛད་བཟང་ཕྲིན་ལས་རབ་དཀར་བ།།

ཆོས་མཛོད་པར་ཁང་ཆེན་མོའི་རྣམ་དཀར་བསྐྲུན།།

 

སྔོན་ཞིག་དམ་པའི་སྐྱེས་མཆོག་འདིར་བྱོན་པ།།

ཕག་མོ་གྲུབ་པ་དམ་པ་བདེ་གཤེགས་དང་།།

དམ་གཙང་བྱམས་གསུམ་འཇའ་ལུས་འབུམ་ཕྲག་བཅས།།

ཤིང་རྟ་གཉིས་དང་ཉིན་བྱེད་རྣམས་ལ་བསྔགས།།

 

ཀརྨ་པཀྵི་གཡུ་འོད་ཡེ་ཤེས་འབུམ།།

བྱང་ཆུབ་རྡོ་རྗེ་མི་ཕམ་ཕྲིན་ལས་དང་།།

པདྨ་ཉིན་བྱེད་བསོད་ནམས་འབུམ་པ་སོགས།།

གསར་རྙིང་མཁས་གྲུབ་རྣམས་ལ་གུས་ཕྱག་འཚལ།།

 

བདུད་འདུལ་རྡོ་རྗེ་ཀློང་གསལ་སྙིང་པོ་དང་།།

པདྨ་རིག་འཛིན་ཀུན་བཟང་ཤེས་རབ་དང་།།

མི་འགྱུར་རྡོ་རྗེ་ཡང་དགེ་མི་འགྱུར་སོགས།།

སྤྲུལ་པའི་གཏེན་སྟོན་རྣམས་ལ་གསོལ་བ་འདེབས།།

 

མཁྱེན་ཀོང་མཆོག་གསུམ་འཇིཊ་མེད་རྣམ་གསུམ་དང་།།

འཇམ་མགོན་མི་ཕམ་པཎ་ཆེན་རྣམ་གསུམ་དང་།།

དཔལ་སྤྲུལ་རབ་འབྱམས་རྒྱལ་ཚབ་དབོན་སྤྲུལ་སོཊ།།

བཀའ་གཏེར་བླ་མ་རྣམས་ལ་དད་ཕྱག་འཚལ།།

 

སྨྱོ་ཤུལ་ལུང་རྟོགས་མཁན་པོ་ངག་ཆུང་དང་།།

ཆོས་ཀྱི་བློ་གྲོས་ཁྲོམ་དགེ་ཨ་རིག་བཅས།།

པདྨ་དམ་ཆོས་གྲུབ་དབང་ལུང་རྟོགས་སོཊ།།

གྲུབ་བརྙེས་རིག་འཛིན་རྣམས་ལ་གསོལ་བ་འདེབས།།

 

ཤཱཀྱ་རྡོ་རྗེ་ཚུལ་ཁྲིམས་རིན་ཆེན་དང་།།

རྒྱལ་དབང་དགུ་པ་ངེས་དོན་བསྟན་བཟང་བཅས།།

པདྨ་བཀྲ་ཤིས་ཁ་ནང་མཆོག་སྤྲུལ་སོགས།།

རབ་བྱུང་ངུར་སྨྲིག་སྡེ་ལ་གུས་ཕྱག་འཚལ།།

 

སྐྱབས་མགོན་ཀློང་ཆེན་མཁའ་ལྡིང་རྩེ་མོ་དང་།།

ཁྲི་རྒན་ཁྲི་པ་དཔལ་སྤུངས་དབོན་རྒན་བཅས།།

བླ་རབས་བཅུ་གསུམ་མཁན་རབས་བཅུ་གསུམ་སོཊ།།

རབ་བྱུང་བཙུན་པའི་སྡེ་ལ་གུས་ཕྱག་འཚལ།།

 

པདྨ་མ་ཏི་རྒྱལ་དབང་བཅུ་དྲུག་པ།།

ཞྭ་དམར་གཞན་དགའ་མདོ་ཁམས་ཆོས་རྗེ་དང་།།

རབ་གསལ་ཟླ་བ་སྨྱོར་ཤུལ་མཁན་ཆེན་སོཊ།།

བསྟན་འཛིན་སྐྱེས་ཆེན་རྣམས་ལ་གུས་ཕྱག་འཚལ།།

 

བསོད་ནམས་ལྡེ་བཙུན་ནོར་བུ་ཡོང་གྲགས་དང་།།

ནམ་མཁའ་འོད་གསལ་མི་འགྱུར་ནམ་རྡོ་བཅས།

གྲུབ་དབང་དཔལ་ཆེན་ཀརྨ་སྐུ་ཆེན་སོགས།།

གྲུབ་བརྙེས་རིག་འཛིན་རྣམས་ལ་གསོལ་བ་འདེབས།།

 

པདྨ་ནོར་བུ་པདྨ་འཕྲིན་ལས་དང་།།

འགྲོ་འདུལ་རྡོ་རྗེ་འགྱུར་མེད་རྡོ་རྗེ་དང་།།

ལྷ་མཆོག་རྡོ་རྗེ་དྲུང་རམ་རྒྱལ་སྤྲུལ་སོགས།།

དགེ་བའི་གཤེས་གཉེན་རྣམས་ལ་གུས་ཕྱག་འཚལ།།

 

ཆོས་དབྱིངས་རྡོ་རྗེ་པདྨ་དབང་མཆོག་དང་།།

མི་འགྱུར་རྒྱལ་མཚན་བྱམས་པ་ཕུན་ཚོགས་བཅས།།

བསྟན་པ་དར་དང་བསོད་ནམས་རྒྱ་མཚོ་སོགས།།

སྔོན་བྱོན་མཁས་གྲུབ་རྣམས་ལ་གསོལ་བ་འདེབས།།

 

ཀུན་བཟང་དཔལ་ལྡན་དབོན་པོ་བསྟན་འཛིན་དང་།།

གཞན་ཕན་མཐའ་ཡས་བ་ཐུབ་ཐུབ་དགའ་བཅས།།

རིག་འཛིན་ཆེན་པོ་ཀརྨ་ངེས་ལེགས་སོགས།།

ཡོངས་ཀྱི་སྐྱེས་ཆེན་རྣམས་ལ་གསོལ་བ་འདེབས།།

 

འགྱུར་མེད་བསྟན་པ་ཁྲོ་རུ་ཚེ་རྣམ་དང་།།

ཨ་རིག་པད་ཚེ་ཀུན་དགའ་དབང་ཕྱུག་བཅས།།

རག་ཁོ་ཐུབ་ནོར་སྐུ་ཚེ་ཨ་པད་སོཊ།།

མཁས་པའི་དབང་པོ་ཡོངས་ལ་དད་ཕྱག་བརྩེཊ།།

 

མགོ་ཚ་དཔལ་དགའ་དཔེ་ཝར་མཆོག་སྤྲུལ་དང་།།

རྒྱལ་མཚན་འོད་ཟེར་ཀཿཐོག་རྨོག་རྩ་བཅས།།

པདྨ་དོན་ཡོད་དབོན་པོ་སྤྱོད་འཇུག་སོགས།།

རིས་མེད་མཁས་གྲུབ་རྣམས་ལ་དད་ཕྱག་འཚལ།།

 

སྐལ་བཟང་རྒྱ་མཚོ་ཉི་མ་ཐག་གཏོད་དང་།།

ཐེག་མཆོག་རྒྱ་མཚོ་པདྨ་དབང་ཕྱུག་བཅས།།

སྐལ་བཟང་སྟོབས་རྒྱལ་ཁྲོམ་ཐར་ཚེ་དགའ་སོགས།།

ཡོངས་ཀྱི་བཤེས་གཉེན་རྣམས་ལ་ཡང་དུ་བསྔགས།།

 

ཀུན་གྲོལ་རྣམ་རྒྱལ་ནམ་མཁའ་ཚེ་དབང་དང་།།

མཁན་ཆེན་ཐུབ་སྙན་ཨ་བུ་ལྷ་སྒང་བཅས།།

ནོར་བུ་དབང་རྒྱལ་ཀརྨ་རྡོ་རྗེ་སོགས།།

སྔོན་བྱོན་མཁས་གྲུབ་རྣམས་ལ་ལྷ་ཕྱག་བརྩེགས།།

 

ཤེས་རབ་སེང་གེ་སིད་མདའ་མཆོག་སྤྲུལ་དང་།།

ཐུབ་བསྟན་སྙན་གྲགས་དགེ་བཤེས་བཀྲ་སོ་བཅས།།

པདྨ་སྐལ་བཟང་རྒྱལ་རོང་དབོན་སྤྲུལ་སོགས།།

རབ་བྱུང་ངུར་སྨིག་སྡེ་ལ་གུས་ཕྱག་འཚལ།།

 

ཚེ་དབང་འགྱུར་མེད་དགེ་མང་དབང་འདུས་དང་།།

དགོན་ཆེན་རྒ་བླ་ཤར་ནུབ་བླ་མ་བཅས།།

ཤེས་རབ་བཟང་པོ་ཕུན་ཚོགས་རྣམ་རྒྱལ་སོགས།།

དགེ་བའི་བཤེས་གཉེན་རྣམས་ལ་གུས་ཕྱག་འཚལ།།

 

འཇའ་ལུས་སྦྱིན་བ་བསོད་ནམས་རྣམ་རྒྱལ་དང་།།

ཁྲ་ཤ་དཔལ་ལྡན་ཤར་རྫ་བཀྲ་ཤིས་དང་།།

རྡོ་རྗེ་ཆོས་སྐྱོང་བླ་མ་རབ་བརྟན་བཅས།།

འཇའ་ལུས་མཁའ་སྤྱོད་བགྲོད་པའི་ངོ་མཚར་ཆེ།།

 

དགྲ་ལྷའི་རྒྱལ་བོ་གེ་སར་སྐུ་འཁོར་བཅས།།

རྒྱལ་ཚ་ཞལ་དཀར་འདན་མ་སྤྱང་ཁྲ་དང་།།

དཔལ་ཐུལ་སུམ་ཅུ་གྲུབ་ཆེན་བརྒྱད་ཅུ་སོགས།།

སྤྲུལ་པའི་ལྷ་ཚོགས་རྣམས་ལ་གུས་ཕྱག་མཚལ།།

 

བདུད་འདུལ་གླིང་པ་ལྷ་འབྲང་སྤྲུལ་སྐུ་དང་། །

དབོན་སྟོད་མཁྱེན་རབ་གྲུབ་ཆེན་ཀར་རྣམ་བཅས། །

འཛི་སྒར་མཆོག་སྤྲུལ་སྤམ་གྲགས་རྒྱལ་སྲས་སོགས། །

གྲུབ་བརྙེས་སྡེ་སྣོད་འཛིན་པ་རྣམས་ལ་འདུད། །

 

སྨྱོ་ཤུལ་མཁན་པོ་མཁན་པོ་བ་འཇམ་དང་། །

པདྨ་ཤེས་རབ་དང་རྣམ་གྲོལ་ཚེ་རིང་བཅས། །

སྐལ་ལྡན་ཚེ་རིང་དགེ་ལེགས་ཕུན་ཚོགས་སོགས། །

མཁས་དབང་སྡེ་སྣོད་འཛིན་པ་རྣམས་ལ་བསྟོད། །

 

རྒྱལ་དབང་འབྲུག་པ་རྒྱལ་དབང་ཀརྨ་པ། །

ཐང་ལྷ་ཚེ་དབང་ནམ་མཁའི་ནོར་བུ་དང་།

ནམ་མཁའི་སྙིང་པོ་ཐུབ་བསྟན་ཕུན་ཚོགས་སོགས། །

མཁས་ཤིང་གཟེངས་སུ་ཐོན་པ་རྣམ་ལ་བསྟོད། །

 

གླུ་པའི་རྒྱལ་པོ་གཡའ་དངས་ཀུན་དགའ་དང་། །

འཇམ་དབྱངས་སྒྲོལ་མ་ཚེ་དབང་ཟླ་འོད་བཅས། །

པདྨ་ཡེ་ཤེས་པད་བཀྲ་སངས་ཚེ་སོགས། །

སྙན་འགྱུར་ངག་ལ་དབང་བ་རྣམས་ལ་གུས། །

 

ངོ་མཚར་སྡེ་དགེའི་གཟི་འོད་རབ་ཏུ་འབར།།

དབུ་བླ་ཁག་ལྔ་ཆོས་སྡེ་ཉིས་བརྒྱ་ལྷག།

དཔོན་ཆེན་བཞི་དང་གཉེར་ཆེན་བརྒྱད་དང་ལྡན།།

རླབས་ཆེན་མཛད་པའི་མི་བུ་ཡོངས་ལ་བསྔགས།།

 

མདུན་སྐོར་སུམ་ཅུ་ཧོར་འདྲ་བརྒྱད་ཅུ་དང་། །

རྫོང་སྒོ་ཉེར་ལྔ་ཕྱོགས་ཆེན་གསུམ་དང་བཅས། །

ནང་བློན་བརྒྱ་དང་ཕྱི་བློན་སྟོང་རྩ་སོགས། །

སྔ་རབས་མེས་པོ་རྣམས་ལ་དགའ་དད་འཆར། །

 

ར་རི་བསྟན་རྣམ་རྣམ་རྒྱལ་རྡོ་རྗེ་དང་། །

བར་ཡ་ཨ་ངག་དཔོན་མང་མགོན་རྣམ་བཅས། །

ར་ཡག་ཚེ་ཆོས་སྔོ་རྒོད་ཐེག་མཆོག་སོགས། །

འཐབ་འཁྲུཊ་དཔའ་རྒོད་རྣམ་པར་ཡོངས་ལ་བསྔགས། །

 

བྱ་རྒོད་སྟོབས་ལྡན་འཇུ་ཆེན་ཐུབ་བསྟན་དང་། །

ལྷ་སྲས་དོན་ཡོད་འཆི་མེད་ལྕགས་རྡོ་བཅས། །

རྒྱལ་སྲས་ཨུ་དགའ་ཚེ་རིང་འོད་ཟེར་སོགས།།

ཆོས་སྲིད་བཀའ་དྲིན་ཅན་ཚོར་བསྔགས་པར་འོས།།

 

མི་ར་སྤྲུལ་སྐུ་ཨ་ཕྱུག་མཆོག་སྤྲུལ་དང་།།

ཆུ་དམར་ཡ་འབུམ་ལྭ་བུ་ཤ་རྒོག་བཅས།།

ལུང་ནག་བྱི་ཕྲུག་རྒྱ་ཀོང་པད་ལྷུན་སོགས།།

དཔའ་བོའི་ལོ་རྒྱུས་རྡོ་རིང་འདི་རྣམས་གསལ།།

 

གྲ་མདའ་དཔལ་ཆེན་ཨ་འཛིན་དཔལ་འབྱོར་དང་།།

རྟ་མེ་གསང་གྲགས་ཉག་ཤུལ་པན་ལོ་བཅས།།

གྲགས་པ་རྣམ་རྒྱལ་ཤན་པ་ངག་ལོ་སོགས།།

ངར་ཆེན་དཔའ་རྒོད་ཡོངས་ལ་དགའ་སྣང་འཆར།།

 

ཉག་ཕྲུག་རིན་ཆེན་ཕུར་བ་འཕྲིན་ལས་དང་།།

འཛིན་ནང་ཨ་སྐལ་མཁན་པོ་གཟུ་སྡེས་བཅས།།

གནའ་རོང་དབང་རྒྱལ་ཉག་རོང་འཇུ་ལུ་སོགས།།

ཆོས་སྲིད་གཉིས་ཆེད་སྲོག་འབེན་འཇོག་ཚོར་དྲན།།

 

ངོ་མཚར་ལོ་རྒྱུས་སྲིད་ཞིའི་ཁྱོན་ལ་ལྡིང་།།

མཁས་གྲུབ་སྟོང་གི་ང་རོ་ཕྱོགས་སུ་ཁྱབ།།

ཕན་བདེའི་ལམ་བཟང་དགེ་ལེགས་ཆར་དུ་སྙིལ།།

ས་གསུམ་དབང་སྒྱུར་བྱེད་པའི་དཔལ་ཐོབ་ཤོག།

 

བོད་རྒྱལ་ལོ་༢༡༤༢-༣-༡༨ ཉིན་རྩྭ་ཤུལ་འགྱུར་མེད་བསྟན་འཛིན་གྱིས། ༼བོད་འབྱོར།༽

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཆུ་སྒང་དུས་དྲན་ཐེངས་ ༥༧ པའི་གསུང་འཕྲིན།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • དུས་རབས་སྔ་ཕྱིའི་ནང་གི་སྡེ་དགེའི་བོད་སྨན།
  • སྡེ་དགེའི་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ།
  • སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
  • བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ། རབ་བརྟན་དགེ་ལེགས།
  • ཚུལ་ཁྲིམས་བློ་གྲོས་ནི་ཅི་ཞིག་རེད། སྡེ་དགེ་ཟླ་ཡག

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།