ཁ་ན་ཌ་རུ་གསོལ་སྟོན་མཛད་སྒོ་ལེགས་གྲུབ་བྱུང་པ།
ཁ་ན་ཌ་རུ་གསོལ་སྟོན་མཛད་སྒོ་ལེགས་གྲུབ་བྱུང་པ།
ཁ་སང་ཕྱི་ཚེས་ ༢༧ ཉིན་ཁེ་ན་ཌའི་ཏྲོ་རོང་ཏྲོ་རུ་དེར་འཁོད་སྡེ་དགེ་ལྔ་བརྒྱ་ཞིང་ཁམས་ཀྱི་མང་ཚོགས་ལ་གསོལ་སྟོན་མཛད་སྒོ་ཞིག་གཤམ་ཡོད་པ་དང་། སྐུ་མགྲོན་གཙོ་བོ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཞོན་བྱ་རྒོད་སྲས་འཆི་མེད་ལྕགས་རྡོ་མཆོག་ཡུ་རོབ་སུད་སི་ནས་ཆེད་ཕེབས་གནང་ཞིང་། ཨ་རི་ནས་སྡེ་དགེ་ས་ཁང་ཚོགས་ཆུང་གི་ཚོགས་མི་བླ་ཁྲི་ལྷག་པ་རྒྱལ་མཚན་ལགས་ཕེབས་ཡོད་པ་རེད། མཛད་རིམ་ ༡༽གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་མཁན་པོ་ཨ་ཐི་ཨོ་རྒྱན་རང་གྲོལ་ལགས་ནས་གསོལ་སྟོན་མཛད་སྒོའི་ལས་རིམ་ངོ་སྤྲོད་དང་འཚམས་འདྲིའི་གསུང་བཤད་གནང་རྒྱུ། ༢༽སྡེ་དགེ་ས་ཁང་ཚོགས་ཆུང་གི་ཚོགས་མི་བླ་ཁྲི་ལྷག་པ་རྒྱལ་མཚན་ལགས་ནས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ལས་བསྡོམས་དང་འབྲེལ་བའི་གསུང་བཤད་གནང་རྒྱུ། ༣༽སྐུ་མགྲོན་གཙོ་བོ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་བྱ་རྒོད་སྲས་འཆི་མེད་ལྕགས་རྡོ་མཆོག་ནས་སྡེ་དགེའི་རྒྱལ་རབས་ལོ་རྒྱུས་སྤྱི་དང་ད་ལྟའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་གནས་སྟངས་སྐོར་བཀའ་སློབ་གསུང་བཤད་གནང་རྒྱུ། ༤༽སྡེ་དགེ་ས་ཁང་ཚོགས་ཆུང་གི་ཚོགས་མི་བླ་ཁྲི་ལྷག་པ་རྒྱལ་མཚན་ལགས་ནས་སྡེ་དགེའི་རྒྱལ་རབས་ལོ་རྒྱུས་དང་དེ་མིན་ལས་འཆར་ཁག་ཅིག་གི་བརྙན་སྤྲོས་(Projector)གཟིགས་འབུལ་ཞུ་རྒྱུ། ༥༽གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་འཇམ་དགའ་ལགས་ནས་མཐའ་དོན་ཐུགས་རྗེ་ཆེ་ཞུའི་གསུང་བཤད་རྒྱུ། ༦༽རྒན་རབས་རྣམ་པར་དྲན་གསོ་དང་གཞོན་སྐྱེས་རྣམ་པར་ངོ་སྤྲོད་ཆེད་སྡེ་དགེ་ཚང་གི་རིག་གཞུང་གཙོ་བོ་སྡེ་དགེའི་བྲོ་ཆེན་རྡུང་གནང་རྒྱུ།
༧༽གསོལ་ཚིགས་འདེགས་འབུལ་དང་སྦྲགས་རོ་བཅུད་ལྡན་པའི་ཞལ་ལག་ལ་ལྷན་ཅིག་ཏུ་རོ་མྱོང་བྱ་གནང་རྒྱུ་བཅས་ཀྱི་མཛད་རིམ་བསྒྲིགས་ཡོད་པ་རེད། མཛད་སྒོ་དེར་མི་མང་ཧ་ཅང་མང་པོ་ཞིག་མཉམ་ཞུགས་གནང་ཡོད་འདུག་ལ་ད་བར་ས་གནས་འདིར་སྡེ་དགེ་བ་མང་པོ་ཞིག་ལྷན་འཛོམས་གནང་པ་ཆེས་ཐོག་མ་དེ་ཡིན་པ་རེད་འདུག ཐེངས་འདིར་ཚོགས་གཙོ་ཨ་ཐི་ཨོ་རྒྱན་རང་གྲོལ་སོགས་ས་གནས་རྒྱུན་ལས་མི་གྲངས་ ༡༠ ཐམ་པ་གསར་དུ་བདམས་ཐོན་བྱུང་ཡོད་འདུག་ལ། ཁོང་ཚོར་སྐུ་མགྲོན་གཙོ་བོས་མཚོན་མང་ཚོགས་ཀྱིས་ལེགས་གསོའི་ཁ་བཏགས་སྒྲོན་འབུལ་ཞུས་ཡོད་འདུག་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།