ཀུན་དགའ་ཕུན་ཚོགས་ཀྱི་གླུ་གཞས་ཟེར་སྡེར་གསར་པ་ཐོན་འདུག
༢༠༡༣ལོའི་གླུ་བ་ཀུན་དགའི་གླུ་གཞས་ཆེད་བསྒྲིགས་གསར་བ་འདོན་ཐེངས་དང་པོའི་སྤྲོ་ཚོགས་བསྡུས།
ཟླ8པའི་ཚེས༡༦ནས་ཚེས༡༧བར། གླུ་བ་ཀུན་དགའི《སེམས་ནང་གི་གླུ》ཞེས་པའི་གླུ་གཞས་ཆེད་བསྒྲིགས་གསར་བ་འདོན་ཐེངས་དང་པོའི་སྤྲོ་ཚོགས་ཆེན་མོ་དང་གླུ་གྲོགས་དགོང་ཚོགས་དེ་ལྷ་སའི་ཨ་མ་ལགས་འཁྲབ་སྟོན་ལྟེ་གནས་སུ་བསྡུས་པ་རེད།
སྤྲོ་ཚོགས་སུ་གླུ་བ་ཀུན་དགས་སྤྲོ་སེམས་འཁོལ་བའི་ངང་གླུ་གཞས་ཆེད་བསྒྲིགས་ཀྱི་གཞས་ཡོད་ཚད་གཟིགས་མོ་བ་ལྷན་རྒྱས་ལ་ཕུལ་ཏེ་རམ་འདེགས་འཁྲབ་སྟོན་གྱི་སྐུ་མགྲོན་དང་།
ཡུལ་དངོས་ཀྱི་གཞས་དུངས་གཟིགས་མོ་བ་རྣམས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་ལ། བློ་བཟང་དང་། དར་མཚོ། དཔལ་ཡུལ་བཀྲ་ཤིས་སོགས་གླུ་བ་གླུ་མ་དག་གིས་ཡུལ་དངོས་རམ་འདེགས་ཀྱི་ཚུལ་དུ་གླུ་གཞས་སྙན་མོ་ཕུལ་བྱུང་།
རྒྱུས་ལོན་བྱུང་བ་ལྟར་ན། གླུ་གཞས་ཆེད་བསྒྲིགས་གསར་བ་འདིའི་ཐོག་མའི་འགྲེམ་སྤེལ་བྱ་བར། བོད་ལྗོངས་ཀྱི་ས་ཁུལ་སོ་སོར་སྐོར་བསྐྱོད་སྒོས་གླུ་གྲོགས་སྤྲོ་ཚོགས་བསྡུ་རྒྱུ་ཡིན་ཞིང་། སྐབས་དེར་བོད་ཀྱི་གླུ་བ་གླུ་མ་སྐོར་ཞིག་གིས་ཡུལ་དངོས་རམ་འདེགས་སྒོས་སྙན་ཞིང་འཇེབས་པའི་གླུ་གཞས་ཀྱང་མི་ཉུང་བ་ཕུལ་ངེས་པ་རེད། མཚོ་སྔོན་པོ་དྲ་བ་ནས།།
One Response
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
http://www.youtube.com/watch?v=N-pOOzAI0CQ&feature=share
དྲ་ཐག་འདི་བརྒྱུད་(ངའི་སེམས་ནང་གི་གླུ་གཞས་ཆ་ཚང་ཉན་པ་དང་གཟིགས་ཐུབ)