English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

མཁན་པོ་སྐལ་ལྡན་ཚེ་རིང་།

འདོན་སྤེལ། 2013/01/18 1:06 PM རྩོམ་པ་པོ།

དགོན་ཆེན་དགོན་པོའི་ལོས་རྒྱུས་ལས་དྲངས།

 

སྡེ་དགེ་ཆོས་རྒྱལ་ཆེན་པོའི་གདན་ས་དགོན་ཆེན་ལྷུན་གྲུབ་སྟེང་དང་ཉེ་བའི་གྲོང་གསེབ་ཤིག་ཏུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕག་སྤྱི་ལོ་༡༩༧༡ལོར་སྐྱེས།ལོ་བརྒྱད་པ་ནས་ཕ་ལས་ཡིག་ཀློག་རིགས་བསླབ།ལོ་བཅུ་བཞི་པར་སྡེ་དགེ་དགོན་ཆེན་གྱི་ཆོས་གྲྭར་ཞུགས།སྙན་བརྒྱུད་བསྟན་པའི་སྲོག་ཤིང་དགོན་ཆེན་སྒིས་བླ་མ་ངག་དབང་ཆོས་འཕེལ་བཟང་པོ་ལས་རབ་ཏུ་བྱུང་།དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བས་སྡོམ་པ་སུམ་ལྡན་དུ་གྱུར།གཞན་ཡང་རྗེ་དེ་ལས་ནཱ་རོ་མཁའ་སྤྱོད་ཀྱི་སྨིན་གྲོལ་སོགས་རྒྱ་ཆེར་ཐོས།ངོར་ཁང་སར་མཁན་རིན་པོ་ཆེ་ངག་དབང་མཁྱེན་བརྩེ་ཐུབ་བསྟན་སྙིང་པོ་ལས་ལམ་འབྲས་ཚོགས་བཤད་སོགས་མང་པོ་དང་།ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་ལས་ངོར་དཀྱིལ་བདུན།སྦྱོང་དཀྱིལ་བཅུ་གཉིས་སོགས་མཁན་ཞབས་རྣམས་ལས་སྨིན་གྲོལ་མང་པོ་དང་།དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་དབང་པོ་ལས་ལམ་འབྲས་སློབ་བཤད་སོགས་སྨིན་གྲོལ་རྒྱ་ཆེར་ཐོས།ཁྱད་པར་རྫོང་སར་སློབ་གྲྭར་ལོ་ངོ་དྲུག་ཙམ་གྱི་རིང་ལ་ལུང་རིགས་སྨྲ་བའི་གཙུག་རྒྱན་མཁན་ཆེན་པདྨ་དམ་ཆོས་ལས་དབུ་ཁར་འདུལ་མཛོད་ཚད་མ་སྡོམ་གསུམ་རྒྱུད་བཤད་ཀྱི་སྐོར་ཤིན་ཏུ་མང་པོ་ཐོས་ཤིང་རྗེ་དེ་ཉིད་དབང་རྒྱུད་མན་ངག་གི་བཀྲིན་སུམ་ལྡན་དུ་གྱུར།བསྟན་པའི་སྲོག་ཤིང་མཁན་ཨ་པད་རིན་པོ་ཆེ་ལས་གུར་སཾ་བདེ་མཆོག་སོགས་དང་།མཁན་ཆེན་ཀུན་དགའ་དབང་ཕྱུག་ལས་ཚད་མ་མདོ་དང་རྣམ་འགྲེལ་ངེས་སོགས་དང་།གཞན་ཡང་ས་སྐྱའི་ཕོའི་བདག་ཆེན་དང་།བཅོ་བརྒྱད་ཁྲི་ཆེན།དིལ་མགོ་མཁྱེན་བརྩེ།མཁྱེན་བརྩེའི་ཡང་སྲིད་རིན་པོ་ཆེ།མཚན་ཞབས།མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱལ་མཚན་སོགས་དམ་པ་དུ་མ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་སློབ་སྦྱོང་མཐའ་ཡས་པར་བྱས།རྫོང་སར་བཤད་གྲྭའི་སྐྱོར་དཔོན་ལོ་བཞི།དགོན་ཆེན་དབྱར་གནས་མཁན་པོ་ལོ་ལྔ་བྱས།དགོན་ཆེན་བཤད་གྲྭའི་མཁན་པོ་ལོ་དྲུག་གི་རིང་ལ་ས་སྐྱའི་གྲགས་ཆེན་བཅོ་བརྒྱད།སྤྱི་རྣམ་ལྗོན་ཤིང་།ཀྱེ་རྡོ་རྒྱུད་གསུམ།བདེ་མཆོག་འཇིགས་བྱེད་ཀུན་རིག་སོགས་མདོ་སྔགས་རིག་གནས་དང་བཅས་པའི་བཤད་ཁྲིད་སྤེལ།འབྱུང་འདུལ།ཀྱེ་རྡོར་གཞི་བསྟེན།ཀུན་རིགབྲག་རྫོང་།ཚེ་སྒྲུབ།དབྱངས་ཅན་མའི་བསྙེན་སྒྲུབ་སོགས་འགའ་ཞིག་བགྱིས།དུས་འཁོར།ཀྱེ་རྡོར།ཀུན་རིག་སོགས་སྒྲུབ་མཆོད་དང་གཏེར་བཟློག་དུ་མའི་རྡོར་སློབ་བྱས་དང་བྱེད་བཞིན་ལ།

མདོར་ན་མདོ་སྔགས་རིག་གནས་དང་བཅས་པ་དང་ཆོ་གའི་ཕྱག་ལེན་ཕྲ་མོ་ནས་བསླབས་ཏེ་བཤད་སྒྲུབ་སྤེལ་བས་བསྟན་པ་ལ་ཕན་ཐོགས་པའི་རེ་བ་དང་བཅས་ད་ལྟར་དགོན་ཆེན་བཤད་གྲྭའི་མཁན་པོའི་ཚུལ་དུ་གནས་སོ།།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • མཁན་ཆེན་རྣམ་གྲོལ་རིན་པོ་ཆེ་མཆོག་གི་མཛད་རྣམ།
  • མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་མཛད་རྣམ།
  • མཁས་དབང་ནམ་མཁའི་ནོར་བུ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ།
  • བོད་སྨན་ཆེད་མཁས་པ་བློ་གྲོས་ཕུན་ཚོགས་ཀྱི་ངོ་སྤྲོད།
  • ཁྲོ་རུ་མཁན་པོ་ཚེ་རྣམ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།