English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཆུ་སྒང་དམག་སྤྱི་སྡེ་དགེ་ཀཿཐོག་ཕུར་པ་ཕྲིན་ལས།

འདོན་སྤེལ། 2013/01/18 5:14 PM རྩོམ་པ་པོ། ཚེ་དབང་བསོད་ནམས།

ཡོང་ཁུངས། ངེད་དྲ་བ།

ཕུར་པ་ཕྲིན་ལས་ནི་སྔོན་མ་ཀཿཐོག་དགོན་པའི་གྲྭ་པ་ཡིན་ཞིང་།དགོན་པར་བཞུགས་སྐབས་ཀཿཐོག་དྲི་མེད་ཞིང་སྐྱོང་རིན་པོ་ཆེའི་ཕྱག་མཛོད་གནང་མྱོང་བ་དང་།ཁོང་ཐོག་མར་ཁམས་ཤར་རྒྱུད་ནས་དགྲ་བོ་ལ་རྒོལ་འཛིང་རིམ་པ་བྱས་ཏེ་དབུས་ཕྱོགས་སུ་སླེབས་པ་དང་།༡༩༥༨་༢་༡༨ཉིན་རྒྱལ་ས་ལྷ་སར་ཡོད་པའི་ཨ་འབྲུག་ཚང་གི་མཆོད་ཁང་དུ་མདོ་ཁམས་སྨད་ཀྱི་རྒྱལ་གཅེས་དཔའ་བོ་མི་གྲངས་བཞི་ཅུ་ལྷག་གསང་སྟབས་ཀྱིས་འཛོམས་ནས་དགྲ་བོ་རྒྱ་དམར་ལ་རྒོལ་རྡུང་བཏང་སྟེ་བོད་ཀྱི་བསྟན་མི་རིགས་དང་བཅས་པ་ཇི་ལྟར་སྲུང་སྐྱོབ་དགོས་ཚུལ་ཐད་ནས་གྲོས་མོལ་བྱས་པའི་ཁོངས་སུ་སྡེ་དགེའི་ཕྱོགས་ནས་ཁོང་དང་བྱ་རྒོད་རྣམ་རྒྱལ་རྡོ་རྗེ་གཉིས་ཡོད་པ་དང་།དེ་བཞིན་༡༩༥༧ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གསེར་ཁྲི་བརྡུང་དུས་སྡེ་དགེའི་འཐུས་མི་གནང་ཡོད་པ་དང་།སྐབས་དེར་བོད་རིགས་དབུལ་ཕོངས་མང་པོས་ཀྱང་དངུལ་དངོས་འབུལ་བའི་དམ་འཛིན་པ་གནང་།དེ་ནས་ཕན་པོ་དང་མལ་གྲོ་གུང་དཀར།ཡར་འབྲོག་བརྒྱུད་ནས་ལྷོ་ཁའི་ཕྱོགས་སུ་བསྐྱོད་དེ།ལྕགས་ཚ་གྲི་གུ་ཐང་གི་དམག་སྤྱིའི་ལས་ཁུངས་ནང་གི་མི་སྣ་དང་།ཆུ་སྒང་དམག་སྒར་གྱི་སྡེ་དགེའི་དམག་སྤྱིའང་གནང་།ཤང་དགའ་ཆོས་དགོན་དུ་གོ་མཛོད་ལེན་དུ་འགྲོ་བའི་ལམ་བར་དུ་རྒྱ་མའི་དམག་སྒར་ཞིག་དང་ཐུག་ནས་ཁོང་གཙོས་པའི་མི་ཉི་ཤུ་ཁས་ལེན་པ་ཐོན་ནས་འཇབ་སྐྱོད་ཀྱིས་ཉེར་མཚམས་སུ་སླེབས་པ་ན་མེ་མདའ་བརྒྱབ་སྟེ་རྒྱ་ཁ་ཤས་བསད།དེ་ནས་གྱང་གོག་འཁྲིས་སུ་བཅར་བའི་ཚེ་རྒྱ་དམག་གིས་ལག་འབོམ་ཁ་ཤས་དབྱུགས་བྱུང་བར་དེ་འཕྲལ་ཁོང་གིས་ལག་འབོམ་གཉིས་འབར་གས་མ་བྱས་པའི་མཚམས་དེར་དམར་འཇུས་བརྒྱབ་སྟེ་དགྲ་བོའི་ཕྱོགས་སུ་ཕྱིར་འཕངས་པས་གྱང་གོག་ནས་ཡེ་ཤན་ཀན་བརྒྱབ་མཚམས་ཆད།དེ་ནས་ཁོང་རྣམས་མེ་མདའི་ཁར་ཐེ་ཚོམ་མེད་པར་མཆོངས་ཏེ་རྒྱ་དམག་ཚང་མ་ཐུང་མདས་བསད་དེ།རིང་མདའ་ཁ་ཤས་དང་མེ་ཤན་ཀན་ཆེ་ལེགས་གཅིག་ཀྲིང་འདན་གཅིག་བཅས་བླངས་ནས་རྒྱལ་ཁ་ཆེན་པོ་ཐོབ།

དེ་ནས་ཤང་དགའ་ཆོས་དགོན་དུ་སླེབས་ཉེར་སྐབས་རྐང་ཟམ་བརྒྱུད་ནས་འགྲོ་དགོས་པས་དམག་མི་ཡོངས་རྫོགས་མཉམ་ཐོན་དུས་ཚོད་འགོག་བར་དགོངས་ཏེ་སྤྱི་ཁྱབ་བཀོད་འདོམས་ཁང་ནས་དམག་སྤྱི་གསུམ་སྟེ་གཅིག་ཁོང་ཡིན་པ་རེད།ལམ་བར་རྫོང་ཁང་ཞིག་བཤེར་བགྱིས་པས་ཁུག་ཀྱོག་གཅིག་ཏུ་འཕྲུལ་མདའ་ཉེར་གསུམ་འདུག་པས་བླངས།དེའི་རྗེས་ཤང་དགའ་ལྡན་ཆོས་འཁོར་ནས་གོ་ལག་ཆ་ཚང་རྩིས་ལེན་བྱས་པ་དང་།སླར་ཡང་ལྷོ་ཁར་ཕྱིར་ལོག་སྐབས་སྔོན་འགྲོའི་སོ་ལྟ་སྐྱོད་མིའི་དམག་སྤྱི་གནང་བ་དང་།རྟ་དམག་བརྒྱད་ཅུ་སྐོར་སྔོན་དུ་བཤར་སྐབས་རྒྱ་དམག་མོ་ཀྲ་བཅུ་གཉིས་ཡོང་བ་དང་གདོང་ཐུག་བརྒྱབ་སྐབས།ཕན་ཚུན་མེ་མདའ་བརྒྱབ་སྟེ་འཛིང་རེས་བྱས་པས་ཁོང་ཚོའི་མེ་མདའ་ཡིས་རྒྱ་མིའི་མོ་ཀྲའི་ནང་གི་འབར་རྫས་བཀད་དེ་རྒྱ་དམག་རྣམས་ཕྱིར་དོན་ལོང་མེད་པར་མི་དང་མོ་ཀྲ་ཆབས་ཅིག་རྩ་མེད་དུ་བཏང་།དཀར་ཁང་རི་བརྒྱུད་ནས་གཡུལ་འགྱེད་སྐབས་ཁོང་གིས་སྣེ་ཁྲིད་པའི་དམག་མི་བཞི་བརྒྱ་ལྔ་བཅུ་ཙམ་གྱིས་རྒྱ་དམག་སྟོང་ཚོ་བརྒལ་བ་དམར་བསད་བཏང་བའི་བྱས་རྗེས་རིམ་པར་བཞགལྷོ་རྫོང་ཁོངས་ཞམས་གཡས་ཟམ་པར་རྒྱ་དམག་ཉེན་འགོག་ཏུ་དྲག་པོའི་དམག་སྤྱི་བཞི་ཞེས་དམིགས་བསལ་གྱིས་གསར་འདེབས་བྱས་པའི་ནང་ནས་གཅིག་ཁོང་ཡིན་པ་དང་།ཆུ་སྒང་དབུས་སྤྱི་ཁྱབ་ཁོངས་བཀོད་འདོམས་ལྟར་ཁྱུང་པོ་དཀར་རུ་དཔོན་དང་མཉམ་སྦྲེལ་གྱིས་ཁྱུང་པོ་ཁུལ་དུ་ཡོད་པའི་རྒྱ་དམག་ལ་འཇབ་རྒོལ་རིམ་པར་བྱས།རང་སྲོག་འབེན་ལ་བཙུགས་ཏེ་དྲག་འཐབ་རིམ་བྱས་ཀྱིས་མཐར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་བ་དང་།རྒྱ་གར་དུ་འབྱོར་རྗེས་ཆུ་སྒང་རྒྱུན་ལས་ཀྱི་ལས་འགན་ལོ་མང་རིང་ཞུས།ཤུལ་འཛིན་བུ་མོ་ཀརྨ་སྒྲོལ་མ་དང་ནང་མི་ད་ལྟ་སྦིར་སྡེ་དགེ་གཞིས་ཆགས་ཁོངས་གནས་མུས་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།

ཆུ་སྒང་གི་ལོ་རྒྱུས་དེབ་ཕྲེང་ཁག་ལས་ཚེ་དབང་བསོད་ནམས་ཀྱིས་བསྡུ་སྒྲིག་བྱས།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཧོར་འདྲ་བྱི་སུག་རབ་བརྟན།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • མཁས་དབང་ནམ་མཁའི་ནོར་བུ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ།
  • ཚེ་དབང་ཕུན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།
  • ཡིད་ལྷུང་འཆི་མེད་རྣམ་རྒྱལ།
  • ཡིད་ལྷུང་བཟོད་པ།
  • ཡ་ལུང་ཚེ་རིང་།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།