English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

གཡུང་དྲུང་བོན་གྱི་དགོན་པ།

འདོན་སྤེལ། 2013/01/26 4:34 AM རྩོམ་པ་པོ།

གཡུང་དྲུང་བོན་གྱི་དགོན་པ།

སྡེ་དགེའི་སྲིད་དོན་རྒྱལ་རབས་ལས་དྲངས།

༡༽རྫ་སྟེང་ཆེན་དགོན།ཐོག་མར་མི་ལོ་ཆིག་སྟོང་ལྔ་བརྒྱ་ལྷག་གི་སྔོན་ཏེ་སྤྱི་ལོའི་དུས་རབས་ལྔ་པའི་ནང་རྨིའུ་ཨ་དེང་རས་དགོན་པ་བཏབ།གཞན་ཡང་རྨིའུ་ལྷ་རུ་གཉེན་པོའི་རྗེས་ཀྱི་གདུང་རབས་གཉིས་པ་རྨིའུ་གྲུབ་ཆེན་ནམ་མཁའ་གཡུང་དྲུང་ཡིན་ཞེས་ཀྱང་བཤད་སྲོལ་འདུགསྔོན་བླ་གྲྭ་སུམ་བརྒྱ་ལྷག་དང་ད་ལྟ་ལྔ་བཅུ་ཙམ་ཡོད།

༢༽ཁྲོ་ཚང་དགོན་ནི།འབངས་རི་བ་ནམ་མཁའ་ཐོག་རྡུགས་དང་གྲུབ་ཆེན་བཀྲ་ཤིས་རྒྱལ་མཚན་ཡབ་སྲས་ཀྱིས་སྤྱི་ལོ་༡༠༠ལོ་ཙམ་གྱི་དུས་སུ་སྒྲུབ་ཁང་བང་རིམ་ཅན་ཞིག་བཞེངས།དེ་ནས་བསྟན་པ་ཕྱི་དར་གྱི་སྐབས་སུ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་སྤྱི་ལོ་༩༦༡ལོར་སྐུ་འཁྲུངས་ནས་ཕྱག་བཏབ།

༣༽རི་སྤུངས་དགོན་ནི།མི་ལོ་སྟོང་ཕྲག་སྔོན་གྱི་དུས་སུ་ཐོག་མར་ཕྱག་བཏབ་པ་འདྲ།མཁས་པ་འགའ་ཞིག་གིས་རྫ་སྟེང་ཆེན་དགོན་པའི་མ་དགོན་ཡིན་ཞེས་གསུངས།

༤༽རྫ་སྨོན་རྒྱལ་དགོན་ནི།སྨོན་རྒྱལ་བླ་མས་སྨོན་མཁར་བུ་གདོང་ལ་དགོན་སྡེ་འདི་ཉིད་ཐོག་མར་བཏབ།སྔོན་བླ་གྲྭ་བརྒྱ་དང་དྲུག་ཅུ་ལྷག་དང་ད་ལྟ་དྲུག་ཅུ་ཙམ་ཡོད།

༥༽རྫ་འབུམ་རྨད་དགོན་ནི།རྨེའི་བླ་རབས་བཅུ་བཞི་པ་བསོད་ནམས་དབང་གྲགས་ཀྱིས་རབ་བྱུང་གཉིས་པའི་ཤིང་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ་༡༠༩༥ལོར་ཕྱག་བཏབ།སྔོན་བླ་གྲྭ་བདུན་ཅུ་ལྷག་དང་ད་ལྟ་ལྔ་བཅུ་ཙམ་ཡོད།

༦༽ཐར་བདེ་དགོན་ནི།རྨེའུ་བ་གོར་ཅན་གྱི་རྒྱུད་གྲུབ་ཆེན་ཀུན་དགའ་རྣམ་རྒྱལ་སྤྱི་ལོ་༡༢༠༠ལོར་ཡས་མས་སུ་སྐུ་འཁྲུངས་ནས་ཕྱག་བཏབ།ད་ལྟ་དགེ་འདུན་པ་ཉི་ཤུ་ལྷག་ཡོད།

༧༽ཟེར་འཕྲོ་དགོན་ནི།མི་ལོ་བརྒྱད་བརྒྱ་ལྷག་གི་སྔོན་གྱི་དུས་སུ་མཁས་གྲུབ་དམ་པ་བླ་མ་གཡུང་དྲུང་རྣམ་རྒྱལ་གྱིས་ཐོག་མར་ཕྱག་བཏབ།ད་ལྟ་བླ་གྲྭ་དྲུག་ཅུ་རེ་བརྒྱད་ཙམ་ཡོད།་

༨༽ཟླ་འོད་དགོན་ནི།ཁོད་པོ་སྣང་ལྡན་གྱི་གདུང་སྲས་ཆུང་བ་པདྨ་བདུད་འདུལ་དང་ཆོས་མཚོ་གཉིས་ལ་སྲས་གསུམ་བྱུང་བའི་ནང་གི་སྲས་ཆེ་བ་ཟླ་འོད་ནམ་མཁའི་རྒྱལ་པོས་སྤྱི་ལོ་༡༡༢༤ལོར་བཏབ།གྲྭ་ཉིས་བརྒྱ་ཙམ་ཡོད།

༩༽ཁ་རག་དགོན་ནི།བླ་ཡི་གདུང་སྤྲུལ་དོ་ཞུ་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྤྱི་ལོ་༡༠༡༧ལོར་ཕྱག་བཏབ།

༡༠༽གཙུག་འོད་དགོན་ནི།རབ་བྱུང་གཉིས་པའི་ཤིང་འབྲུག་ལོར་པདྨ་བདུད་འདུལ་དང་ཆོས་མཚོ་གཉིས་ཀྱི་སྲས་འབྲིང་བ་གཙུག་འོད་ཉི་མའི་རྒྱལ་པོས་བཏབ།

༡༡༽ལྕམ་ལུང་༼བརྐྱང་ལུང་༽དགོན་ནི།ནམ་མཁའ་ལྷུན་གྲུབ་ཀྱིས་བཏབ།དགོན་བཞུགས་བླ་གྲྭ་བརྒྱ་ལྷག་ཡོད།སྡེ་དགེ་ཚང་གིས་དབུ་བླར་བསྐོས་ནས་ལོ་ལྟར་འབྲུ་མར་གནང་རྒྱུ་ཡོད་ཅེས་བཤད་སྲོལ་ཡོད་འདུག

༡༢༽འཕེན་ཞོལ་དགོན་ནམ་དགོན་ཆུང་དགོན་ནི།རབ་བྱུང་དགུ་པའི་ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོ་སྟེ་སྤྱི་ལོ་༡༥༢༥ལོར་རྒྱལ་རོང་བླ་མ་གཡུང་དྲུང་བསྟན་འཛིན་གྱི་སློབ་མ་ཤེས་རབ་བསྟན་འཛིན་བྱ་བས་བཏབ།

༡༣༽རབ་རྒྱལ་དགོན་ནི།ཁྱུང་དཀར་ནག་སེར་གསུམ་ལས་ཁྱུང་དཀར་བརྒྱུད་པ་བླ་མ་བསྟན་པ་ལྷུན་གྲུབ་ཀྱིས་རབ་རྒྱལ་ཞེས་པའི་ས་རུ་དགོན་པ་བཏབ།སྡེ་དགེ་གཉེར་ཆེན་ཉག་རྒྱལ་བརྒྱ་ཡིས་ངོ་བོའི་སྐུ་ཟངས་གསེར་ལས་གྲུབ་པ་ཁང་ཚད་གཉིས་ཅན་བཞེངས་མྱོང་།

༡༤༽གྱེར་རྫ་རི་ཁྲོད་དམ་ཤར་རྫ་རི་ཁྲོད་ནི།ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་དགུང་ལོ་སོ་བཞིའི་སྟེང་སྟེ་སྤྱི་ལོ་༡༨༩༣ལོར་ཐོག་མར་ཕྱག་བཏབ་ནས་རྗེ་ཉིད་སྤྱི་ལོ་༡༩༣༥ལོའི་ས་ག་ཟླ་བའི་ཚེས་བཅུ་གསུམ་ལ་གཟུགས་སྐུ་ཟག་མེད་འཇའ་འོད་དུ་དེངས།སྔོན་བླ་གྲྭ་ཉིས་བརྒྱ་ནས་སུམ་བརྒྱ་བར་བཞུགས།

༡༥༽རྡིས་བོན་དགོན།༡༦༽སྟག་ཞིག་དགོན།༡༧༽ཞེ་ཞལ་དགོན།༡༨༽བླ་ཁྲི་དགོན།༡༩༽སྤང་རྒན་དགོན།༢༠༽མང་རམས་དགོན།༢༡༽བརྡ་དབོན་དགོན་སོགས་བོན་དགོན་ཡིན་ནོ།།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། དཔལ་ཡུལ་དགོན།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • གོ་ལྡེ་འཕགས་པའི་རྣམ་ཐར་ཡུལ་མིའི་ངག་སྒྲོས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།