English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སློབ་དཔོན་པདྨས་བོད་ཀྱི་བཙུན་པ་ཕོ་མོ་རྣམས་ལ་ཞལ་ཆེམས།

འདོན་སྤེལ། 2013/01/9 4:51 AM རྩོམ་པ་པོ། གུ་རུ་རིན་པོ་ཆེ།

༄༅། །སློབ་དཔོན་པདྨས་བོད་ཀྱི་བཙུན་པ་ཕོ་མོ་རྣམས་ལ་ཞལ་ཆེམས་སུ་གསུངས་པ་བཞུགས་སོ།།

སློབ་དཔོན་པདྨ་འབྱུང་གནས།༼ཁོང་ནི་དབུས་འགྱུར་འཆད་ལུང་བསྟན་པའི་མདོ་སྡེ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བཞི་གཉིས་ལོན་པ་ན། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །དྷན་ཀོ་ཤའི་མཚོ་གླིང་དུ། །པདྨ་གེ་སར་སྡོང་པོ་ལས། །ཀུན་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཞེས་དང་། །འཇམ་དཔལ་སྒྱུ་དྲྭ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། ། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་བཞིན་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་དུ། །ནེའུ་གསིང་གསེར་གྱི་མདོག་ཅན་ཤིན་ཏུ་མཚར་བའི་དབུས་ན་ཆུ་མིག་གཡུའི་མདོག་ཅན་དུ་འཁྱིལ་བ། དེའི་ནང་ནས་པདྨའི་སྡོང་པོ་ཁྲི་འཕང་འཁོར་ལོ་བཞི་པ་ཞིག་འཁྲུངས་པའི་སྟེང་ན་ཁྱེའུ་མཛེས་ཤིང་ལྟ་ན་སྡུག་པ་ལོ་བརྒྱད་ལོན་པའི་ཚུལ་དུ་བཞུགས་པ་ན། ཤིང་སྤྲེལ་སྤྲེལ་ཟླའི་ཚེས་བཅུའི་ཉིན་རྒྱལ་པོ་ཨིནྡྲ་བྷུ་ཏི་ཞེས་བྱ་བ་རིམ་པར་བྱོན་པའི་བར་མའམ་གཉིས་པ་རྒྱལ་བློན་ཟུང་གིས་མཇལ་ཏེ་པད་སྡོང་ལས་ས་ལ་ཕབ་པས། སླར་ཡང་པདྨའི་གདན་གཅིག་སྐྱེས།  ཡང་ཕབ་ཀྱང་ཡང་སྐྱེས་པས་བློན་པོ་ན་རེ། ཁྱེའུ་འདི་པདྨ་འབྱུང་གནས་སུ་འདུག་ཟེར་བས་མཚན་ ཡང་དེ་ལྟར་གྲགས། རྒྱལ་པོ་ཤིན་ཏུ་ངོ་མཚར་སྐྱེས་ཏེ་ཕོ་བྲང་དུ་གདན་དྲངས། རྒྱལ་སྲིད་ ཀྱི་དཔལ་ལ་དབང་བསྒྱུར་ཏེ་དགེ་བཅུའི་ཁྲིམས་བཅས། དེ་ནས་རྒྱལ་སྲིད་ཉེས་བརྒྱའི་ འབྱུང་ཁུངས་སུ་གཟིགས་ནས་རྒྱལ་སྲིད་ཐབས་ཀྱིས་སྤངས་ཏེ་དུར་ཁྲིད་དུ་གཤེགས། ཕྱི་ ནང་གི་པཎྜི་ཏ་རྣམས་ལས་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་སོ་སོའི་སློབ་དཔོན་ བསྟེན་ཏེ་མཁས་པར་སྦྱངས། ཁྱད་པར་དུ་སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་དང་། འཇམ་ དཔལ་བཤེས་གཉེན་དང་། ཤྲཱི་སིང་ཧ་གསུམ་ལས་རྫོགས་པ་ཆེན་པོ་དོན་བརྒྱུད་ཀྱི་མན་ ངག་རིག་པ་རྒྱལ་ཐབས་སྤྱི་བླུགས་ཀྱི་ཚུལ་དུ་ཐོབ་པས་ཟབ་གསལ་གཉིས་མེད་པའི་ཡེ་ ཤེས་ནམ་མཁའ་དང་མཉམ་པ་ལ་རང་དབང་བརྙེས་ཤིང་རྡོ་རྗེ་འཆང་དང་མི་གཉིས་པར་ གྱུར། རྫུ་འཕྲུལ་གྱིས་གནས་རྣམ་པ་སྣ་ཚོགས་སུ་མི་དང་མི་མ་ཡིན་པའི་འགྲོ་བ་རབ་ཏུ་མང་ པོའི་དོན་མཛད། བྲག་ཕུག་མ་ར་ཏི་ཀར་པདྨ་ཅན་གྱི་ལུས་རྒྱ་མདྡྷཱར་ལ་བརྟེན་ནས་བདེ་བ་ ཆེན་པོའི་ལམ་གྱིས་ཟླ་བ་དྲུག་ཏུ་སྒྲུབ་པ་ཆེན་པོ་མཛད་པས་ཕྲ་ཡང་སོགས་ཀྱི་ཡོན་ཏན་ དང་ལྡན་པའི་རྡོ་རྗེའི་སྐུར་གྱུར་ཏེ་ཚེའི་རིག་འཛིན་བརྙེས།  བལ་ཡུལ་ཡང་ལེ་ཤོད་དུ་ དཔལ་ཡང་དག་ཧེ་རུ་ཀའི་སྒྲུབ་པ་ཚོམ་བུ་ལྔ་པའི་ཚོགས་ཀྱི་སྤྱོད་པ་སྤྲོས་བཅས་ཟླ་བ་དྲུག་ཏུ་སྤྱད་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་ཞལ་རྟག་ཏུ་སྟོན་ཅིང་གསུང་གླེང་མཛད་པ་དང་། འོད་གསལ་ཟུང་འཇུག་གི་སྐུ་བཞེངས་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་ གྲུབ་མངོན་དུ་མཛད་དེ་རྒྱ་གར་ཤར་ནུབ་ལྷོ་དབུས་དང་། ཆུ་བོ་གངྒཱའི་བྱང་ཕྱོགས་ནཱི་པ་ ལ་དང་། འགྲོ་ལྡིང་རྣམས་སུ་འགྲོ་བའི་དོན་མཛད། ལྷག་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་ བཙན་གྱི་དུས་སུ་བོད་དུ་བྱོན་ནས་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས།སངས་རྒྱས་ཀྱི་ བསྟན་པ་རིན་པོ་ཆེ་གངས་ཅན་གྱི་ལྗོངས་སུ་ཉི་མ་ཤར་བ་ལྟར་མཛད་པ་སོགས་བཀའ་ དྲིན་བསམ་གྱིས་མི་ཁྱབ་པའི་འགྲོ་དོན་དཔག་མེད་མཛད་དེ་རྒྱལ་པོ་མུ་ཏིག་བཙན་པོའི་དུས་མང་ཡུལ་གུང་ཐང་དུ་མ་འོངས་ལུང་བསྟན་དང་། ཡིད་བཞིན་ནོར་བུ་ལྟ་བུའི་མན་ ངག་བཅུ་གསུམ་སོགས་གདམས་པ་མང་དུ་བསྩལ།  དེ་ནས་ནམ་མཁར་འཇའ་ཚོན་ འཁྲིགས་པའི་དབུས་སུ་ལྷ་དང་ལྷ་མོ་མང་པོས་མཆོད་པའི་ཡོ་བྱད་དུ་མས་མཆོད་ཅིང་ སློབ་དཔོན་ཉིད་སེང་གེ་དང་རྟ་མཆོག་ཆིབས་པ་སོགས་མཐོང་ཚུལ་མི་འདྲ་བ་སྣ་ཚོགས་ཀྱིས་གཤེགས་ཞེས་གྲགས།༽

༄༅། དེ་ནས་གཉགས་ཛྙཱན་ཀུ་མ་ར་ལ་སོགས་པའི་བོད་ཀྱི་རབ་བྱུང་རྣམས་ཀྱིས་ ཞུས་པ༔ གུ་རུ་མི་བཞུགས་རྒྱ་གར་ཡུལ་དུ་འབྱོན་དགོངས་ན༔ ཕྱི་རབས་བོད་ཀྱི་ རབ་བྱུང་རྣམས་ཀྱིས་ཅི་ལྟར་བགྱི་ཞུས་པས༔ སློབ་དཔོན་གྱིས་གསུངས་པ༔ ཐར་ པའི་ལམ་ལ་གཤེགས་པའི་ཕྱི་རབས་བཙུན་པ་རྣམས༔ མི་ཆོས་ནང་ནས་བྲོས་ཏེ་ ཐར་པའི་ལམ་ལ་ཞུགས༔ ཕ་མ་གཉེན་བཤེས་བོར་ནས་ཆགས་པ་མེད་པར་གྱིས༔ སྐྲ་བཞར་སྟོན་པའི་ཆོས་གོས་གྱོན་ནས་རབ་ཏུ་བྱུང༔ མཁན་སློབ་ཁྲིམས་དབང་ མཛད་པའི་མཁས་བཙུན་ལ༔ དགེ་སློང་དགེ་ཚུལ་སྡོམ་པ་ཚུལ་ཁྲིམས་བླང༔ བསླབ་པའི་རིམ་པ་ཉེས་བྱས་མེད་པར་སྲུངས༔ བཞུགས་པའི་གནས་དང་ལྷུང་ བཟེད་བཀྲུ་ལ་སོགས༔ མཁན་སློབ་དགེ་འདུན་བགྲེས་ཀུན་ཞབས་ཏོག་དང༔ མཎྜལ་ཆག་ཆག་བྱི་དོར་ལེགས་པར་བྱ༔ མཆོད་པ་ཐམས་ཅད་ཡིད་འོང་ལེགས་ པར་བཀོད༔ སྲོད་དང་ཐོ་རངས་མི་ཉལ་དགེ་སྦྱོར་བྱ༔དགེ་བ་ཆོས་སྤྱོད་ལམ་རིམ་ སྣ་ཚོགས་བྱ༔ འདུལ་ཁྲིམས་ཉམས་པའི་བཤགས་པ་དུས་སུ་བྱ༔ བསླབ་པ་ཤེས་ བཞིན་བཟུང་ལ་ཕམ་ལྟུང་མེད་པར་བྱ༔ དགེ་འདུན་སྡེ་གྲལ་སྡོད་ཅིང་ཁྱིམ་པའི་ སར་མི་སྡོད༔ ཁྱད་པར་བུད་མེད་མ་སྲིང་ཡིན་ཡང་བསྟེན་མི་བྱ༔ ཀུན་ཀྱི་མཆོད་ གནས་ཡིན་པས་ཁ་ན་མ་ཐོ་སྤོངས༔ དེ་ལྟར་བྱས་ན་འདིར་བདེ་ཕྱི་མར་ལམ་སྣ་ ཟིན༔ འཁོར་བ་སྤངས་ནས་བུད་མེད་བཙུན་མ་བྱས་པ་རྣམས༔ ལས་ངན་སྐྱེ་བ་ དམན་པས་མཁས་བཙུན་བློས་མི་ལྕོགས༔ སྐྱེས་པའི་འཁྲི་བ་ཆོད་ལ་འདུལ་ཁྲིམས་ གཙང་མར་སྲུངས༔ ཁྱིམ་པའི་ས་ལ་མ་འགྲོ་བཙུན་མའི་སྡེ་ལ་སྡོད༔ ཉན་བཤད་ སློབ་གཉེར་བྱ་ཞིང་དགེ་བ་ཅི་ནས་བསག༔ ཁ་ཏོན་བྱ་ཞིང་བསྐོར་བ་ཕྱག་ལ་ནན་ ཏན་སྐྱེད༔ བསླབ་པའི་ཁྲིམས་ལ་གཡོ་སྒྱུ་ཚུལ་འཆོས་མེད་པར་སྲུངས༔ བཙུན་མ་ ལོག་ན་འདིར་གཤེ་ཕྱི་མ་དམྱལ་བར་ལྟུང་༔ དེ་བས་སེམས་སྟོབས་སྐྱེད་ལ་ཚུལ་ ཁྲིམས་དམ་པར་སྲུངས༔ པདྨ་འབྱུང་གནས་བདག་ནི་ད་འགྲོ་བས༔ ད་ལྟར་ བཞུགས་དང་སླད་ནས་འབྱོན་པ་ཡི༔བོད་ཀྱི་རབ་བྱུང་ཕོ་མོ་རྣམས་ཀྱི་ཐུགས་ལ་ དེ་ལྟར་ཞོག༔

༼རྣམ་ཐར་ཟངས་གླིང་མ་ལས་བཤུས།༽

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཞལ་གདམས་རིག་འཛིན་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར།
  • སྡེ་དགེ་རྫ་ཆུ་ཁའི་གནས་ཚུལ་སྙིང་བསྡུས་དང་ཡུལ་སྲོལ་འགའ།
  • བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར།
  • བུད་མེད་ཞིག་གིས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས།
  • གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།