English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

༄༅།། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་མོ་གླང་གི་ལོ་གསར་གྱི་ཤིས་ཚིག

འདོན་སྤེལ། 2021/02/12 8:15 AM རྩོམ་པ་པོ།

༄༅།། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་མོ་གླང་གི་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་ལ་འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རྣམས་དང་། ལྷག་པར་དུ་གཞིས་བྱེས་གཉིས་སུ་བཞུགས་པའི་རང་རེ་སྡེ་དགེ་བ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། རྒྱུན་དུ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དང་ལོ་གསར་འཚམས་འདྲི་འབུལ་རྒྱུའི་འབྲེལ་བ་ཡོད་རིགས་ལ་དམིགས་བསལ་གྱི་འཚམས་འདྲི་ཞུ་རྒྱུ་དང་།

འདི་ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་དྲྭ་ལམ་འཚམས་འདྲི་འདིས་འཐུས་པ་བྱེད་ཆོག་པ་གྱིས། གནམ་ལོ་གསར་པའི་ནང་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་སྒོ་གཅིག་པུ་རྣམ་འདྲེན་བཞི་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་བྱེ་བ་འབུམ་ལས་འཕྲོས་པའི་སྒྲོན་མེ་འདི་ཉིད་དར་རྒྱས་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་བྱེ་བའི་གཙུག་རྒྱན་བོད་འབངས་ཡོངས་ཀྱི་ལྷ་སྐལ་རྒྱལ་ཀུན་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པ་འཕགས་མཆོག་འཇིག་རྟེན་མགོན་པོ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྱིས་འགྲུབ་པ་དང་། དེ་རྣམས་ཀྱི་བྱིན་མཐུ་ལ་བརྟེན་ཡངས་པའི་རྒྱལ་ཁམས་སྤྱི་དང་། ལྷག་པར་བོད་ཡུལ་བསིལ་ལྡན་ས་ལའི་སྨན་ལྗོངས་ཀྱི་ཞིང་འདིར་ནད་མུག་འཁྲུག་རྩོད་སད་སེར་རྩྭ་ཐན་དང་ཁྱད་པར་དུ་འདི་ལོའི་ཏོག་དབྱིབས་ནད་ཡངས་ལ་སོགས་པ་ཆོས་སྲིད་ཀྱི་རྒུད་པ་མཐའ་དག་དབྱིངས་སུ་ཞི་ནས། ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ལེགས་སོགས་ཆོས་འབྱོར་བདེ་སྐྱིད་མི་བཟད་པའི་གཏེར་ཆེན་པོ་ལ་ལོངས་སུ་སྤྱོད་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་དང་བཅས། 

སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བོད་རབ་གནས་ལྕགས་གླང་ལོའི་ཟླ་ ༡ ཚེས་ ༡ ཕྱི་ལོ་༢༠༢༡ ཟླ་ ༢ ཚེས་ ༡༢ ཉིན་ཕུལ། 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ༄། ༢༠༢༠ ལོའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་འདུན་ལྟར་ཛ་དྲག་ནད་པ་དང་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་རོགས་རམ་ཞུས་པའི་སྐོར།  

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྡེ་དགེ་ཉིན་མོའི་དུས་སྟོན།
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།