སྡེ་དགེའི་དབྱིན་ཡིག་དྲ་བ་གསར་པ་སྒོ་འབྱེད་དང་ཐད་གཏོང་བྱས་པ།
དེ་རིང་ཕྱི་ཚེས་ ༡༤ ནས་འགོ་བཙུགས་ཏེ་སང་ཉིན་ཕྱི་ཚེས་ ༡༥ བར་ཉིན་གཉིས་རིང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༢ པ་དེ་རྒྱལ་ས་ལྡི་ལི་རུ་བསྐོང་འཚོགས་གནང་བཞིན་ཡོད་པ་ལྟར། ཚོགས་ཐོག་དེ་ནས་ཉེ་ཆར་གསར་བཟོ་བྱས་ཏེ་ལེགས་གྲུབ་བྱུང་པའི་སྡེ་དགེའི་དབྱིན་ཡིག་དྲ་བ་གསར་པ་ཞིག་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་དབུ་འབྱེད་གནང་ཡོད་པ་རེད། དྲ་རྒྱ་དེའི་ནང་སྡེ་དགེའི་རྒྱལ་རབས། ལོ་རྒྱུས། རྩོམ་རིག པར་ཁང་། བཅར་འདྲི། གསུང་བཤད་བཅས་ལས་གྲུབ་ཡོད་འདུག་ལ། དྲ་ཚིགས་འདིར་བརྒྱུད་༸གོང་ས་གོང་གི་བཀའ་དགོངས་གཞིར་བཟུང་བཙན་བྱོལ་ནང་དུ་འཚར་ལོངས་བྱུང་པའི་བོད་ཀྱི་གཞོན་སྐྱེས་སོགས་ལ་བོད་ཀྱི་རིག་གཞུང་དང་། འདས་ལོ་རྒྱུས་ཁག་ངོ་འཕྲོད་ཐབས་དང་། དེ་དག་གི་སྟེང་ལ་དོ་དབྱིངས་དང་གོ་རྟོགས་གོང་འཐོར་ཡོང་ཐབས་སུ་དམིགས་ཡུལ་འཆང་བཞིན་ཡོད་ཚུལ་སོགས་གསུངས་ཡོད་པ་རེད། དྲ་བའི་ཁ་བྱང་། www.en.degegws.com
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།