མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་སྐོར་ལ་དམིགས་བསལ་ཞིབ་འཇུག་དང་། འཆད་ཁྲིད་བྱས་པ་ཞིག་འདི་ནས་གསན་ཐུབ། ཁོང་ནི་སྡེ་དགེ་དཔལ་སྤུངས་ཕྱོགས་སུ་འཁྲུངས་ཤིང་། ད་ལྟ་བོད་ནང་དུ་བཞུགས་ཡོད་ལ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཡིན། ཁོང་གིས་བོད་ཀྱི་རྒྱལ་རབས་པདྨ་ར་གའི་སྡེ་མིག་དང་། སྡེ་དགེའི་རྒྱལ་རབས་སོགས་གསུངས་བརྩམས་མང་པོ་ཞིག་ཡོད་པ་རེད། དྲ་ཐག་འདིར་ཕེབས།