ཁྲོ་ལ་གསོལ་མགྲོན་ཁང་།
བཀྲ་ཤིས་བདེ་ལེགས།
ཁྲོ་ལ་གསོལ་མགྲོན་ཁང་ནི།
ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཡོད་ལ། འདི་ནི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་གསོལ་མགྲོན་ཁང་ཞིག་ཡིན། མགྲོན་ཁང་ལ་ཁང་མིག་ ༢༠ དང་། ཟ་ཁང་སྤུས་ལེགས་ཤིག་ཡོད། གཞུང་ལམ་གྱི་ཟུར་དུ་ཁེལ་ཡོད་པས་འགྲོ་ལམ་ཧ་ཅང་སྟབས་བདེ་ཞིང་། ནང་དུ་གློག་སྐས་ཡོད་པས་རྒན་ཁོག་སོགས་ལ་མཐུན་རྐྱེན་ཧ་ཅང་བཟང་། དེ་བཞིན་ཁྲུས་ཁང་དུ་ཆུ་ཚན་བཟོ་བྱེད་དང་། ཉལ་ཁང་དུ་འཁྱག་སྒམ་དང་། དབྱར་དུས་གྲང་གློག་ཚད་ལྡན་ཡོད། འདི་གའི་ཉལ་ཁ་དང་ཟ་ཁང་གི་རིན་གོང་འོས་འཚམས་ཡོད་ལ། ཞབས་ཞུའི་ལས་དོན་ཐད་ལྷག་བསམ་རྣམ་དག་གིས་ཡར་རྒྱས་ཚགས་ཚུད་ཡོང་བར་འབད་བརྩོན་བྱེད་བཞིན་ཡོད། སྐུ་ཉིད་ངེད་ཁྲོ་ལ་གསོལ་མགྲོན་ཁང་དུ་ཕེབས་པར་དགའ་བསུ་ཞུ།
འབྲེལ་མཐུད་ཁང་།
House # D-44, Block # 12, New Tibet Camp, Majnu Ka Tilla,
New Arura Nagar, New Delhi 110054 INDIA
E-mail; mileposttravels@gmail.com
Phone; +91 8448808998 +91 7011784283
Leave a Reply to རྩོམ་སྒྲིག་ པ།
